01

ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི“འགོག་གསུམ”ལས་ཀའི་བརྙན་ འཕྲིན་ཁ་པར་ཚོགས་འདུའི་ཐོག། ངོས་འཛིན་ཆེ་རུ་གཏོང་ཞིང་བྱ་ཐབས་ཞིབ་ཚགས་ཡིན་ལ། ཕན་འབྲས་དངོས་ཐོན་པ་གཙོས་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་དགོས་ཞེས་གསུངས། 2022年07月20日

སྤྱི་ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་གནོད་འགོག་དང་རིམས་འགོག། ལས་འཛོལ་འགོག་པ་བཅས་ཀྱི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་ལས་ཀའི་བཀོད་གཏོང་ཚོགས་འདུའི་སྙིང་དོན་མགྱོགས་མྱུར་ལག་བསྟར་དོན་འཁྱོལ་བྱས་ནས་ད་སྔའི་ཁུལ་ཡོངས་ཀྱི་གནོད་འགོག་དང་རིམས་འགོག། ལས་འཛོལ་འགོག་པ་བཅས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་རང་ཁུལ་དུ་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་སྙིང་དོན་དང་ཞིང་དཔོན་ཧོང་ཆང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་ཐབས་ཞིབ་ཕྲར་གཏོང་བ། ཕན་འབྲས་དངོས་ཐོན་རྒྱུ་གཙོ་བོར་འཛིན་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་གཅིག་ནི་ཞིབ་འཇུག་བརྡར་གཅོད་དང་སྔོན་བརྡ་གཏང་རྒྱུར་ཤུགས་བརྒྱག་དགོས་པ་དང་། གཉིས་ནི་ལས་རེས་བྱ་རྒྱུར་ཤུགས་བསྣན་དགོས། གསུམ་ནི་བཀོད་གཏོང་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་མངོན་མེད་རྐྱེན་ངན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ལྔ་ནི་འཚུབ་བསྟུན་སྒྲིག་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་བསྟན་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)