04

2022年07月20日

( པར་ངོས་དང་པོར་མཐུད།)

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་སྐྱོང་བའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་གནང་ནས་རང་རེའི་ཏང་གི་ལོ་ངོ70ལྷག་ཙམ་གྱི་ཞིན་སྐྱོང་ཉམས་མྱོང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་ཀྲུང་དབྱང་གི་ཞིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་དུས་རབས་གསར་པའི་ཏང་གི་ཞིན་སྐྱོང་མཛད་ཇུས་རྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཡོད།

དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞིའི་ནང“སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་དུ་བརྩི་དགོས”ཞེས་ཁ་གསལ་བཏོན་ཡོད།“སྤྱིའི་དམིགས་འབེན”གྱི་ཐོག་ནས་ཞིན་ཅང་གི་ལས་དོན་ཁག་ངེས་པར་དུ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་དམིགས་ནས་སྐུལ་འདེད་ཏན་ཏིག་གཏང་དགོས་པ་མཚོན་ཡོད།

དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་མོ་ལག་བསྟར་བྱས་ཏེ་ཞིན་ཅང་གི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཕྱར་བ་གྲུ་འདེགས་དང་འབད་འབུངས་ཡར་བརྩོན་བྱས་ཡོད།

སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་དགོས།

ཞིན་ཅང་ནི་རང་རྒྱལ་གྱི་མི་རིགས་ས་ཁུལ་ཡིན་པ་དང་།མི་རིགས་མཐུན་སྒྲིལ་ནི་ཞིན་ཅང་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་རྨང་རྡོ་ཡིན།ད་ཐེངས་རྟོག་ཞིབ་བྱེད་རིང་ཞིན་ཅང་སློབ་ཆེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཞིབ་འཇུག་རྟེན་གཞི་བརྟན་པོ་ཞིག་བཙུགས་པ་ནས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུས་ཀུའུ་ཡོན་སྲང་ལམ་སྤྱི་ཁུལ་བར་དང་། རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་མི་རིགས་ཀྱི་ལོ་རྒྱུས་སྙན་ངག《མཱ་ན་སི》ཞེས་པའི་གཞས་མ་གཏམ་འགྲེམས་སྟོན་ལ་གཟིགས་པ་ནས་སྙན་ཞུར་གསན་པའི་བར།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་དགོས་པའི་ནན་བཤད་བྱས་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུར་མཐོང་ཆེན་གནང་ཡོད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན།ཀྲུང་དབྱང་གི་ཞིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕྱོགས་མང་གཞི་གཅིག་གི་རྣམ་པར་ཞིབ་འཇུག་བྱ་རྒྱུར་ཤུགས་བརྒྱག་དགོས”ཞེས་ནན་གསུང་གནང་ཡོད།ད་ཐེངས་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞིན་ཅང་སློབ་ཆེན་དུ་ཕེབས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རྨང་གཞིའི་རང་བཞིན་གྱི་གནད་དོན་ཞིབ་འཇུག་ལ་སྐུལ་འདེད་གཏང་དགོས”ཞེས་བཏོན་གནང་ཡོད། རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་བྱས་པ་དང་བསྟུན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་འགྲུབ་འདུ་ཤེས་བརྟན་པོར་བཅང་པའི་ལས་དོན་དེ་སྔར་བས་གཏིང་ཟབ་དང་ཕན་འབྲས་སྔར་བས་ཆེ་བ་ཐོན་ངེས་རེད།

སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་ཞིན་ཅང་གི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་ནི་ཞིན་ཅང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད”ཅེས་གསུངས་པ་རེད།འཕེལ་རྒྱས་མངོན་འགྱུར་བྱ་དགོས་ན།ངེས་པར་དུ་ས་བབ་ཀྱི་དགེ་མཚན་འཚོལ་དགོས།རང་རྒྱལ་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་།ནུབ་རྒྱུད་ཐོན་འབྱེད་ཆེན་མོ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ལ་སྐུལ་འདེད་ཆེན་པོ་བཏང་བ་དང་བསྟུན་ནས་ཞིན་ཅང་ཉིད་བལྟོས་བཅས་ཀྱིས་ཕྱི་བཀག་ནང་སྡོམ་གྱི་སྐམ་སའི་དབུས་ཁུལ་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་མདུན་གྲལ་དུ་གྱུར་ཡོད།

ཝུའུ་ལུའུ་མུའུ་ཆིའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་མཚོ་ཁོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཞིན་ཅང་གི་ས་ཁོངས་རང་བཞིན་ལྡན་པའི་སྒོ་དབྱེའི་འཐབ་ཇུས་དེ་རྒྱལ་ཁབ་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་སྤྱིའི་བཀོད་པའི་ནང་བཅུག་སྟེ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་གཏོད་བྱེད་པ་དང་ཕྱི་ཕྱོགས་སྒོ་དབྱེའི་བགྲོད་ལམ་ཆེན་པོ་གང་མགྱོགས་བསྐྲུན་ནས་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་དེ་བས་ལེགས་པའི་ངང་སྤྱད་དེ་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་ཧུར་ཐག་ཞུགས་དགོས།”ཞེས་ནན་གསུང་གནང་།

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལྷག་མི་རུང་།2020ལོའི་ལོ་མཇུག་ཏུ་ཞིན་ཅང་ལྷོ་རྒྱུད་ཀྱི་རྫོང་དབུལ་པོ་མཐའ་མ10ཡི་དབུལ་ཞྭ་ཕུད་པ་དང་སྦྲགས་ཞིན་ཅང་རྦད་དེ་དབུལ་པོའི་གནས་ལས་བསྒྲལ་ཡོད།ད་ཆ་ཞིན་ཅང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད།རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་གི་ཡུལ་སྡེ་དར་རྒྱས་ལ“ཞིང་སྡེ་སྔར་བས་ཕྱུག་པ་དང་།འཚོ་བ་སྔར་བས་བདེ་སྐྱིད།ཡུལ་སྡེ་སྔར་བས་མཛེས་སྡུག་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་གནང་ཡོད།”

སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མཐོང་ཆེན་གནང་ཞིང་། ཞིན་ཅང་ལ་རྟོག་ཞིབ་ཐེངས་དང་པོ་གནང་སྐབས“ང་ཚོར་སྲ་ཞིང་བརྟན་པའི་གཞི་རིམ་སྲིད་དབང་ཞིག་དགོས”ཞེས་ནན་གསུང་གནང་ཡོད།ད་ཐེངས་ཀྱི་རྟོག་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས”ཞེས་དང“ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྱོང་བྱ་དགོས”ཞེས་ནན་གསུང་གནང་ཡོད།

མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་།བརྟན་ལྷིང་སྲུང་སྐྱོང་།ཁ་བྲལ་ལ་ངོ་རྒོལ་བཅས་བྱས་ནས་སྲ་ཞིང་བརྟན་པའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཞིན་ཅང་དུ་དམག་འཐབ་མཁར་རྫོང་གི་ནུས་པ་བཏོན་ཏེ་ངེས་པར་དུ་ཏང་གི་དར་ཆ་གཞི་རིམ་གྱི་གཡུལ་ས་ཚང་མར་ལྷབ་ལྷུབ་ཏུ་གཡོ་བར་བྱ་དགོས།

ཞིན་ཅང་དུ་ལས་ཀ་བྱེད་རིང་དཔུང་ཚོགས་ཀྱིས་མཐའ་མཚམས་བདེ་འཇགས་དང་མི་རིགས་ཁག་གི་མང་ཚོགས་གོང་བུ་གཅིག་ཏུ་འགྲིལ་བ།སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་དང་སྔོན་ཐོན་རིག་གནས་དཔེ་སྟོན་ཁུལ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།ད་ཐེངས་ཞིན་ཅང་དུ་རྟོག་ཞིབ་གནང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་དཔུང་ཚོགས་སུ་ཕེབས་ཏེ་དཔུང་ཚོགས་ཀྱི་འཕེལ་རྒྱས་ཇུས་འགོད་གནང་ནས“དཔུང་ཚོགས་ཀྱི་འཐབ་ཇུས་ནུས་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི”རེ་བ་ཁ་གསལ་བཏོན་གནང་བ་དང་།“དཔུང་ཚོགས་ཀྱིས་དུས་བབ་གསར་པ་དང་བླང་བྱ་གསར་པར་འཚམ་པ་བྱས་ནས་ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་དགོས”ཞེས་གསུངས་པ་རེད།

ཕུགས་ཀྱི་ཐབས་ཇུས་མང་ཙམ་འདིང་བ་དང་།རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དགོས།

དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་མོ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ན་མཛེས་སྡུག་ལྡན་པའི་ཞིན་ཅང་གི་འབྱུང་འགྱུར་ལ་དེ་བས་འོད་སྟོང་འཕྲོ་ཐུབ་ངེས་རེད།། ( ནོར་བུས་བསྒྱུར།)