༄༅།། སྤྱི་ཟླ7པའི་ཚེས14ཉིན། དུས་ཡུན་ཉིན་གསུམ་གྱི་ཁུལ་སྲིད་གྲོས་ཨུ་ཡོན(ལས་བྱེད་པ)གསོ་སྦྱོང་འཛིན་གྲྭ་སྐབས་བཅུ་བཞི་པའི་གསོ་སྦྱོང་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་གྲུབ་ནས་སི་ཁྲོན་རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་ལྕགས་ཟམ་ཁའི་ཡན་ལག་སློབ་གླིང་དུ་བདེ་བླག་ངང་སློབ་མཇུག་གྲོལ་བ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཡི་ཧྲུའུ་ཅི་ལེ་ཅན་ཕིང་སློབ་མཇུག་མཛད་སྒོར་ཞུགས་པར་མ་ཟད། གསུང་བཤད་གནང་བ་རེད།
༄༅།། ཁུལ་ཡོངས་ཀྱི་བསྡོམས་རྩིས་རྫུན་བཟོ་མཚམས་མི་འཇོག་པའི་ཆེད་དོན་ཡོ་བསྲང་བཅོས་སྐྱོང་ལས་ཀའི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྡོམས་རྩིས་རྫུན་བཟོ་འགོག་བཅོས་དང་ཆད་གཅོད་སྐོར་གྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་རྫུན་བཟོ་མཚམས་མི་འཇོག་པའི་ཆེད་དོན་ཡོ་བསྲང་བཅོས་སྐྱོང་ལས་ཀའི་སྐུལ་སློང་བརྙན་འཕྲིན་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་བསྟར་བ་དང་། ཁུལ་ཡོངས་ཀྱི་ཆེད་དོན་ཡོ་བསྲང་བཅོས་སྐྱོང་ལས་ཀར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་ཤུགས་སྣོན། ཡང་བསྐྱར་སྐུལ་འདེད་བཅས་བྱས་པ་རེད།།
༄༅།། སྤྱི་ཟླ7པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་གནོད་འགོག་གནོད་སེལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཁུལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ལས་ཀའི་གནས་ཚུལ་ལ་ཉན་འཇོག་གནང་བ་དང་། ད་སྔའི་གནས་བབ་ལ་དབྱི་ཞིབ་དང་བརྡར་ཤ་གཅོད་པ། དཀའ་ངལ་ཡོད་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་པར་མ་ཟད། ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁོང་གིས་དམངས་ཡོངས་ཀྱི་ཉེན་མེད་བྱང་ཚད་མཐོ་རུ་གཏོང་བ་དང་། འཚུབ་བསྟུན་རོགས་སྐྱོར་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།