02

དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྐོར་གྱི་བསྲུང་བྱ། 2022年07月25日

གཅིག། ཏང་གཅེས་རྒྱལ་གཅེས་དང་མཐུན་སྒྲིལ་སྲུང་བ། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཡོད་པ་དང་། ཏང་དང་སེམས་པ་གཅིག་མཐུན། རྒྱལ་ཁབ་དང་བྱ་སྤྱོད་གཅིག་མཐུན་ཡིན་དགོས། སེམས་ཐག་གཙང་བཅད་ཀྱིས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། ཁ་བྲལ་ཐབས་མེད་པ་གསུམ་རྒྱུན་འཁྱོངས་བ། མོས་མཐུན་ལྔ་ཆེ་རུ་གཏོང་ཞིང་། འདུ་ཤེས་གསུམ་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་མཐའ་གཅིག་ཏུ་བརྟན་པོར་བཅངས་བ།

གཉིས། སྒྲིག་ཁུར་ཁྲིམས་སྲུང་དང་གུས་ལྡན་དྲང་བཞག་ཡིན་པ། ཁྲིམས་བརྩི་བ་དང་། ཁྲིམས་སྦྱོང་བ། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཁྱིམ་ཚང་ཀྱི་སྤྱོད་བཟང་དམ་དུ་བསྲུང་བ། ལྷག་བསམ་རྣམ་དག་དང་ཁ་དན་ཚིག་གནས། རང་ཉིད་ཀྱི་གཤིས་སྤྱོད་བཟང་དགོས། ཁྱིམ་གྱི་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་ཡིན་ལ། སྡོམ་ཁྲིམས་སྲུང་བ་དང་། ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་དང་བརྒྱུད་འཛིན་པར་སྲུང་སྐྱོང་ཐུབ་པ།

གསུམ། ཁྱིམ་ཚང་འཆམ་མཐུན་ཡིན་ལ་ཕན་ཚུན་བརྩི་ཞིང་བཀུར་བ། ཁྱིམ་སྲོལ་བཟང་ཞིང་། ཁྱིམ་སྲོལ་གཙང་མ་ཡིན་པ། རྒན་བཀུར་ཆུང་གཅེས་དང་། ཕ་མེས་ལ་སྲི་ཞུ་དང་གཉེན་ཉེར་གཅེས་པ། ཕོ་མོ་འདྲ་མཉམ་དང་བརྩེ་དུང་ལྷད་མེད་ཡིན་ལ། མི་རིགས་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་པར་ཕན་ཚུན་བརྩི་འཇོག་ཡོད་པ།

བཞི། ཁྱིམ་མཚེས་མཛའ་མཐུན་དང་ལྟ་རེས་སྐྱོང་རེས་བྱེད་པ། ཁ་ཞེ་གཉིས་མེད་དང་ཁེངས་སྐྱུང་གུས་ཞབས་ལྡན་ཞིང་། མཐུན་སྒྲིལ་འཆམ་མཐུན་དང་མཛའ་མཐུན་མཉམ་གནས། དཀའ་སེལ་རོགས་རེས་དང་ཕན་ཚུན་རོགས་རམ། སྤྱི་སེམས་བློས་འབུལ་ཆེ་ཞིང་འཕེལ་རྒྱས་ཡོང་རེ་བྱེད་པ། ཁྱིམ་མཚེས་བར་འབྲེལ་བ་ཡག་ཅིང་ཁོང་ཡངས་བསམ་ཤེས་ཐུབ་པ།

ལྔ། རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན་བྱེད་པ། དཀའ་ལས་སྔོན་ལ་བརྒྱབ་པ་དང་བདེ་བར་རྗེས་ལ་རོལ་བ། བརྩོན་བསྲིས་ཁྱིམ་སྐྱོང་དང་ལས་བརྩོན་ཕྱུག་སྒྱུར་ཐུབ་པ། དཀའ་སྤྱད་ལས་སྐྲུན་དང་རང་ཚུགས་རང་སྤེལ། ཕྱུག་སྒྱུར་ཐབས་ལམ་མང་བ་དང་ཕྱུག་སྒྱུར་བསམ་ཤེས་མཁན་བྱ་གང་ཐུབ་ལ་བརྩོན་པ།

དྲུག། རིག་གནས་བརྒྱུད་འཛིན་དང་། ཤེས་དཔལ་དར་དུ་སྤེལ་བ། སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། དུས་རབས་ཀྱི་རིག་གནས། སྔོན་ཐོན་གྱི་རིག་གནས་བཅས་སྤྱད་དེ་ཁྱིམ་སྲོལ་བསྲང་ཞིང་ཁྱིམ་གྱི་བསླབ་ཚིག་བཤད་པ་དང་། མི་རབས་ཕྱི་མར་སློབ་གསོ་བརྒྱག་དགོས། མཉམ་དུ་སྲོལ་རྒྱུན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ། ཧུར་བརྩོན་གྱིས་སྤྱི་སྐད་སློབ་སྦྱོང་དང་སྤྱི་སྐད་སྨྲ་བ། སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་དམ་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་བརྟན་པོར་འཛིན་པ།

བདུན། སློབ་གསོ་ལ་མཐོང་ཆེན་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། བུ་ཕྲུག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་། བུ་ཕྲུག་གི་སློབ་གསོ་ལ་མཐོང་ཆེན། བུ་ཕྲུག་གིས་ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས། སྤྱི་ཚོགས་འགན་འཁྲི་དང་འོས་འགན་ཧུར་ཐག་བསྒྲུབ་དགོས། དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་། སྤྱི་ཕན་བསྒྲུབ་རྒྱུར་སྤྲོ་སེམས་ཆེ་བ། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་དང་། ནགས་སྲུང་མེ་འགོག། ཉེན་མེད་ཐོན་སྐྱེད། སེམས་པ་གཅིག་མཐུན་གྱིས་རིམས་འགོག་བྱེད་པ་བཅས་ཀྱི་དྲ་བ་ཅན་གྱི་དོ་དམ་མི་སྣ་དང་དྲིལ་བསྒྲགས་མི་སྣ་ཞིག་བྱེད་གང་ཐུབ་བྱ་དགོས།

བརྒྱད། ཚན་རིག་ལ་བརྩི་མཐོང་དང་། དར་སྲོལ་གསར་དུ་འཛུགས་པ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལ་ངོ་རྒོལ་དང་། རང་རྟོགས་ཀྱིས་ལུགས་རྙིང་སྲོལ་ངན་མེད་པ་གཏོང་ཞིང་། ཕན་ཚུན་བསྡུར་རེས་མི་བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་མི་གཏོང་བ། གཉེན་སྟོན་དང་འདས་མཆོད་རྒྱས་གཤོམ་མི་བྱེད་པ། ཆོས་ལུགས་ཐད་ཀྱི་འཛད་སྤྱོད་ཚད་ལས་བརྒལ་བར་ངོ་རྒོལ་དང་། རང་རྟོགས་ཀྱིས་ཆགས་སྲེད་དང་། རྒྱན་འཇོག་པ། དུག་རྫས་བཅས་གཏན་དུ་འགོག་ཅིང་རྒྱང་དུ་སྤང་ཞིང་། དགའ་ཕྱོགས་ངན་པ་མེད་པ། ཁྱིམ་སྡོད་ཁོར་ཡུག་གཙང་ལ་འཚོ་བའི་གོམས་གཤིས་སྐྱོན་བྲལ་ཡ་རབས་ཡིན་པའོ་ནོ།།

(དཀར་མཛེས་ཁུལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་བསྟར་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས།)