ཉེ་ཆར། དཔལ་ཡུལ་རྫོང་གིས་གནམ་གཤིས་ཡག་པོའི་གོ་སྐབས་དམ་འཛིན་བྱས་ཏེ་ཕྱོགས་ཅིག་ནས་ནད་ཡམས་འགོག་ཟོན་བྱེད་པ་དང་། ཕྱོགས་གཅིག་ནས་སྟོན་ཐོག་བསྡུ་བའི་ཐོན་སྐྱེད་ལས་དོན་དམ་དུ་འཛིན་ཞིང་། སྟོན་བསྡུའི་ཐོན་སྐྱེད་མཛུབ་ཁྲིད་འགག་སྒོ་དང་། སྤུས་ཚད་ཀྱི་འགག་སྒོ། འགོག་ཟོན་གྱི་འགག་སྒོ་བཅས་ནན་པོ་བསྲུངས་ཏེ། སྟོན་བསྡུ་དང་འགོག་ཟོན་ཕྱོགས་གཉིས་ཆ་དམ་དུ་བཟུང་ནས་འཐུས་ཤོར་མི་ཡོང་བ་བྱས་པ་རེད། དུས་མཉམ་དུ་ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་མི་དང་འཕྲུལ་འཁོར་མཉམ་འབྲེལ་བྱེད་པའི་ཐབས་སྤྱད་དེ་ཞིང་དུད་ལ་སྟོན་བསྡུའི་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ་མཛུབ་ཁྲིད་བྱས་ཏེ། སྟོན་ཐོག་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་ནང་དུ་བསྡུ་ཐུབ་པ་འགན་ལེན་བྱས་པ་རེད།།
( ཡེ་ཤེས་ཀྱིས་བསྒྱུར།)