རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་།
ལི་ཆང་། སྐྱེས་པ། རྒྱ་རིགས། 1959ལོའི་ཟླ་བ7པར་འཁྲུངས། ཀྲེ་ཅང་རུའེ་ཨན་བ། 1976ལོའི་ཟླ་བ7པར་ལས་ཀར་ཞུགས། 1983ལོའི་ཟླ་བ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་ལྡན། མཐོ་རིམ་དོ་དམ་པའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ཐོབ།
ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཏང་ཚན་ཁག་གི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།
(ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ3པའི་ཚེས་11ཉིན་འབྱོར་བའི་གློག་འཕྲིན)