01

ཞི་ཅིན་ཕིང་གིས་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར། རིག་གནས་ཀྱི་འགན་འཁྲི་གསར་པ་ཁུར་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ཧུར་ཐག་བྱ་དགོས་ཞེས་གསུངས། 2023年06月07日

སྤྱི་ཟླ6པའི་ཚེས2ཉིན་ལ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བཞིན་པའི་ཚུལ།

བཞུགས་མོལ་ཚོགས་འདུ་མ་འཚོག་གོང་།ཚེས1ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་དུ་རྟོག་ཞིབ་གནང་སྐབས་ལན་ཐའེ་ཕུག་མཛོད་དུ་ཉར་བའི་པར་གཞི་སྤུས་ལེགས་སྲུང་སྐྱོང་གནས་ཚུལ་རྒྱུས་ལོན་གནང་བཞིན་པའི་ཚུལ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6པའི་ཚེས2ཉིན་གློག་འཕྲིན་འབྱོར་གསལ།སྤྱི་ཟླ6པའི་ཚེས2ཉིན་ལ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་།ཁོང་གིས་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་དང་།རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན།ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པར་ང་ཚོའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཞིག་ཡིན།རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་།འགན་འཁྲི་འཁུར་བ།འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་ཧུར་ཐག་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱ་དགོས་པའི་ནན་གསུང་གནང་བ་རེད།

ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ཡག་པོ་འཚོག་ཆེད།ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་དང་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་ལ་རྟོག་ཞིབ་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་རྟོག་ཞིབ་ལ་ལྷན་དུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།

ཚེས1ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་རི་བོ་གཡན་ཧྲན་འདབས་སུ་ཆགས་པའི་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་ཀྲུང་དབྱང་སྤྱི་ཁྱབ་ཁང་དུ་ཕེབས་པ་རེད།ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་གིས་རྒྱལ་ཁབ་པར་གཞིའི་ཐོན་ཁུངས་འཆར་འགོད་མཐུན་སྦྱོར་དང་།ཡོངས་བཤེར་འཚོལ་བསྡུ།གནའ་གཞུང་ཉར་ཚགས་འགྲེམས་སྟོན།ཞིབ་འཇུག་སྤེལ་རེས།དྲིལ་བསྒྲགས་བེད་སྤྱོད་བཅས་ཀྱི་འགན་འཁུར་ཞིང་།ཀྲུང་དབྱང་སྤྱི་ཁྱབ་ཁང་དང་།ཞི་ཨན་དང་།ཧང་ཀྲོའུ།ཀོང་ཀྲོའུ་བཅས་ཀྱི་ཡན་ལག་ཁང་བཙུགས་ཡོད།ཞི་ཅིན་ཕིང་དང་ཐོག་ཝུན་ཧྭ་ཁང་དུ་ཕེབས་ནས་པར་གཞི་ཁང་གི་འཆར་འགོད་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་སྦྲགས།རྒྱལ་ཁབ་དཔེ་ཁང་དང་།ཀྲུང་ཧྭའི་གནའ་བོའི་ཤེས་དཔལ་པར་གཞི་འགྲེམས་སྟོན།ཀྲུང་གོའི་དེང་རབས་ཕུལ་བྱུང་དཔེ་སྐྲུན་དངོས་པོ་དང་ཁྱད་ལྡན་པར་གཞི་འགྲེམས་སྟོན་བཅས་ལ་གཟིགས་སྐོར་གནང་བ་རེད། ( པར་ངོས་བཞི་པར་གཟིགས།)