02

དཀར་མཛེས་རྫོང་དང་ཁྲེང་ཏུའུ་ཏ་ཡུའེ་གྲོང་ཁྱེར་བར་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན། 2023年06月07日

ཉེ་ཆར། དཀར་མཛེས་རྫོང་གིས་ཁྲེང་ཏུའུ་ཏ་ཡུའེ་གྲོང་དུ“དཀར་མཛེས་ཀྱི་དཀར་མཛེས·ཏ་ཡུའེ་གྲོང་དུ་བསྐྱོད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས། འགོ་ཚུགས་མཛད་སྒོར་ཏ་ཡུའེ་གྲོང་ཁྱེར་མ་རྐང་ཚོད་འཛིན་ལྷོ་ནུབ་ས་ཁོངས་སྤྱི་གཉེར་ཁང་གི་ཁྲེང་ཏུའུ་བྱ་གཞག་པུའུ་དང་དཀར་མཛེས་རྫོང་འཕེལ་རྒྱས་དང་བསྒྱུར་བཅོས་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་ཆ་སྒྲིག་མཉམ་སྐྲུན་གྱི་གན་རྒྱ་བཞག་པ་དང་། ཁྲེང་ཏུའུ་ཀྲུང་འབྲུ་ལྕགས་ཀྲིན་རྫ་སྣོད་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཀྲི་པུའུ་དང་དཀར་མཛེས་རྫོང་འདན་མ་གྲོང་རྡལ་གྱང་ར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་བར་ཆ་སྒྲིག་མཉམ་སྐྲུན་གྱི་གན་རྒྱ་བཞག་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་བསྣན་ནས“ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། ཐུན་མོང་མཐོར་འདེགས”བཅས་ཀྱི་ཏང་ལེགས་སྐྱོང་གི་རྣམ་པ་གསར་པ་བཏོད། དཀར་མཛེས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ8ཀྱི་རིང་ལ། ང་ཚོས‘དཀར་མཛེས་ཀྱི་དགོས་མཁོ་དང་ཀྲུང་འབྲུ་ཡི་ནུས་པར’གཞི་ཚུགས་ཏེ་ཁྲོམ་ར་དང་། ཐབས་ལམ། སྤུས་རྟགས། ཞིབ་འཇུག་གསར་སྤེལ་སོགས་ཐད་ཀྱི་ཀྲུང་འབྲུའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་འཕེལ་རྒྱས་རྨང་གཞིར་འཛིན་པ་དང་། དམངས་འཚོ་ལེགས་སུ་གཏོང་བ་གཙོ་གནད་དུ་བྱེད་པ། ལས་བྱེད་པའི་ཤེས་ལྡན་མི་སྣའི་རོགས་སྐྱོར་རྟེན་གཞིར་བྱེད་པ། སློབ་གསོའི་རོགས་སྐྱོར་གཙོ་གནད་དུ་བྱས་ནས་དཀར་མཛེས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་རོགས་བྱས་ཡོད་ཅེས་ཏ་ཡུའེ་གྲོང་ཁྱེར་མ་རྐང་ཚོད་འཛིན་ལྷོ་ནུབ་ས་ཁོངས་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྤྱི་ཁྱབ་གཉེར་དཔོན་གཞོན་པ། བཟོ་ཚོགས་ཀྱི་ཀྲུའུ་ཞི་ལི་ཞན་ཡུང་གིས་འགོ་ཚུགས་མཛད་སྒོར་གཏམ་བཤད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།དཀར་མཛེས་རྫོང་གིས་ཁྲེང་ཏུའུ་ཏ་ཡུའེ་གྲོང་དུ“དཀར་མཛེས་ཀྱི་དཀར་མཛེས·ཏ་ཡུའེ་གྲོང་དུ་བསྐྱོད་པའི”བརྗོད་བྱ་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་ནས་དཀར་མཛེས་རྫོང་གི་གཏིང་ཟབ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་སོགས་འགྲེམ་སྟོན་བྱས་ནས་དཀར་མཛེས་ཀྱི་ཐུན་མིན་རིག་གནས་དང་མཛེས་སྡུག་གི་ཡུལ་ལྗོངས་མཉམ་དུ་མྱོང་རོལ་བྱས་ཡོད།

ཉིན་དེའི་ཕྱི་དྲོར། དཀར་མཛེས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་ཤིང་། དཀར་མཛེས་ནས་ཡོང་བའི་གཞོན་ནུ་དྲྭ་གྲགས་ཚོགས་པས་ཀྱང་ཁོ་ཚོའི་ཁྱད་ཆོས་དང་སྤྲོ་སེམས་ལ་བརྟེན་ནས་ཡུལ་དངོས་ཀྱི་རྣམ་པ་ཕུན་སུམ་ཚོགས་པོར་བཏང་བ་རེད།།

( ཨོ་རྒྱན་གྱིས་བསྒྱུར།)