02

རང་ཁུལ་གྱི་ཕ་ཡུལ་ཤེས་ལྡན་མི་སྣ་ལ་བྱ་དགའ་ཐོབ། 2023年06月07日

ཉེ་ཆར། སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་ཕ་ཡུལ་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་འགྲན་སྡུར་ཆེན་མོ་སྐབས་དྲུག་པ་ཏེ་དབྱང་དུ་གཉེར་བ་རེད། དཀར་མཛེས་ཁུལ་གྱི་འཐུས་མི་རུ་ཁག་གི་འགྲན་ཞུགས་པ8འགྲན་སྡུར་ནང་ཞུགས་ནས་འགྲན་སྡུར་བྱས་པ་བརྒྱུད། ཉག་ཆུ་རྫོང་མཁའ་ལམ་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་བསྟན་འཛིན་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་། བརྒྱད་ཟིལ་རྫོང་ལུང་ཡུལ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་གི་ཚེ་རིང་ལྷ་མཚོ་ལ་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ། འབའ་ཐང་རྫོང་གསུམ་གཅིག་བརྒྱད་གཏེར་ཆུ་ཚད་ཡོད་སྤྱི་གཉེར་ཁང་གི་ཤའེ་ཧའེ་ཐང་དང་། བརྒྱད་ཟིལ་གདོད་མའི་ནགས་ཚལ་ཇ་ལས་ཚད་ཡོད་སྤྱི་གཉེར་ཁང་གི་བློ་ཐར། འདབ་པ་རྫོང་མཚེའུ་ཚོང་དོན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་ཐང་མའེ་བཅས་ལ་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ། དེ་མིན་གྱི་འགན་ཞུགས་པ་གསུམ་ལ་ཡུལ་སྡེ་དར་རྒྱས་གཏོང་བར་བྱས་རྗེས་ཅན་གྱི་བྱ་དགའ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཕ་ཡུལ་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་མཐོང་ཆེན་བྱས་ནས་ཕ་ཡུལ་གྱི་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་འགྲན་སྡུར་ཆེན་མོ་ཐེངས4བསྟུད་མར་གཉེར་བ་དང་། སྔ་རྗེས་སུ་ཕུལ་བྱུང་གི་ཕ་ཡུལ་ཤེས་ལྡན་མི་སྣ58འདེམས་གཏོང་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་ཕ་ཡུལ་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་འགྲན་སྡུར་ཆེན་མོར་ཞུགས་ནས་གསེར་གྱི་བྱ་དགའ8དང་། དངུལ་གྱི་བྱ་དགའ2། ཟངས་ཀྱི་བྱ་དགའ10། དབུལ་ཐར་འགག་སྒྲོལ་གྱི་དམིགས་བསལ་བྱ་དགའ9། ཡུལ་སྡེ་དར་རྒྱས་གཏོང་བའི་བྱས་རྗེས་ཅན་གྱི་བྱ་དགའ9བཅས་ཐོབ་པ་རེད། ཕ་ཡུལ་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་ནས་དཔེ་སྟོན་སྣེ་ཁྲིད་ཀྱིས་ཕ་ཡུལ་ཤེས་ལྡན་མི་སྣ་དེ་བས་མང་བ་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བར་བྱས་ནས་ཕ་ཡུལ་གྱི་དཔལ་འབྱོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་དང་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

( ཨོ་རྒྱན་གྱིས་བསྒྱུར།)