ym03b20231027C

འཚོ་བའི་བཞིན་རས་ཤིག། 2023年10月27日

ཁ་བའི་མེ་ཏོག་དམུལ་དམུལ་འཛུམ་པའི་དུས་ཚིགས་ཤིག།

རི་སྒང་འདི་རུ་བསླེབས་པས།

སྤྲིན་དཀར་གྱིས་ངའི་མིག་ལམ་ནས་ཞབས་བྲོ་འཁྲབ།

བསིལ་རླུང་གིས་ངའི་ངོ་གདོང་ལ་བྱིལ་བྱིལ་གནང་།

དྲོད་འཇམ་ཉི་འོད་ཀྱིས་སྙིང་ཉེ་བའི་བཞིན་

རས་ཤིག་ཁྱེར་ཡོད་པས།

ངའི་དྲན་པའི་མེ་ལང་དུ་བརྩེ་བའི་གཙང་པོ་འཁྱིལ།

བྱམས་པའི་ཉི་འོད་འཚེར།

ངས་བཞུར་ཟིན་པའི་ལོ་ཟླ་གང་མང་ཞིག་ལ་.

ཕྱིར་དྲན་གྱི་རྟ་ཕོ་རེ་བསྐྱོན་པས།

ཡིད་འགུལ་བའི་སྙིང་གཏམ་ཞིག་ག་ལེར་

ངའི་རྣ་ལམ་དུ་གྲགས་བྱུང་། །

༼ གངས་རླུང་། ༽