ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ10པའི་ཚེས27ཉིན་ཚོགས་འདུ་འཚོགས་ནས《དུས་རབས་གསར་པའི་བྱང་ཤར་གྱི་ཕྱོགས་ཡོངས་དར་རྒྱས་ལ་ཚད་བརྒལ་གསར་པ་ཡོང་བར་སྔར་བས་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་བསྟན་དོན། བྱང་ཤར་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་ཞིག་རེད། བྱང་ཤར་ས་ཁུལ་གྱི་ཐོན་ཁུངས་ཆ་རྐྱེན་ཅུང་ལེགས་པ་དང་། ཐོན་ལས་ཀྱི་རྨང་གཞི་ཅུང་བརྟན་པ། ས་བབ་ཀྱི་ལེགས་ཆ་དམིགས་བསལ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེ་བ་བཅས་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། འདི་ལོ་ནི་བྱང་ཤར་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་ལོ20འཁོར་ཞིང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱང་ཤར་ས་ཁུལ་གྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་གལ་ཆེན་གསར་པ་ཕྲད་པས། རྒྱབ་སྐྱོར་སྲིད་ཇུས་སྦབ་ཆ་གཅིག་གཏན་འབེབས་བྱས་ཡོད་ཅིང་། གདེང་ཚོད་སྔར་ལས་བརྟན་དུ་བཏང་ནས་བྱང་ཤར་ས་ཆའི་དགེ་མཚན་ཆེ་རིགས་གང་ལེགས་བཏོན་ནས་བྱང་ཤར་ས་ཆ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་ཆོག་པའི་དར་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་ཏུ་སྐྱོད་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
( པར་ངོས་གཉིས་པར་གཟིགས།)