( པར་ངོས་དང་པོར་མཐུད།)
ཚོགས་འདུར་ནན་གསུང་བྱས་དོན། རྒྱལ་ཁབ་ཀྱི“བདེ་འཇགས་ཆེན་པོ་ལྔ”སྲུང་སྐྱོང་བྱེད་རིང་གི་བྱང་ཤར་ས་ཆའི་ལས་འགན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ལས་འགན་ཨང་དང་པོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་ལས་འགན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ཁོང་དུ་བརྟན་པོ་ཆུད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་དང་ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་བྱང་ཤར་ས་ཆའི་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་སྒྱུར་བཀོད་དང་རིམ་པ་སྤར་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏང་དགོས། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བ་དང་། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྔོ་འགྱུར་མང་དུ་གཏོང་བ་ནི་ལེགས་ཆ་ཆེ་རུ་གཏོང་བ་ཞིག་དང་ནགས་ཚལ་སྲུང་སྐྱོང་ནི་རྒྱུ་ནོར་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བཅངས་ནས་ནགས་གསེབ་དཔལ་འབྱོར་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་སྟེ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས། རླུང་གློག་དང་། འོད་གློག། ཉིང་གློག་སོགས་ནུས་རྒྱུ་གཙང་མ་གང་མགྱོགས་འཕེལ་རྒྱས་བཏང་ནས་རླུང་འོད་མེ་ཉིང་གསོག་འཇོག་གཞི་གཅིག་ཅན་གྱི་ནུས་རྒྱུའི་རྟེན་གཞི་སྐྲུན་དགོས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་བཀོད་སྒྲིག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་མཐའ་དར་དམངས་ཕྱུག་དང་མཐའ་བརྟན་ལ་སྐུལ་འདེད་གཏང་དགོས། རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་བྱང་ཤར་ས་ཆའི་མཐོ་རིམ་སློབ་གྲྭ་གཉེར་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མི་འབོར་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བྱང་ཤར་གྱི་ཕྱོགས་ཡོངས་དར་རྒྱས་ལ་འདེགས་སྐྱོར་བྱ་དགོས།
ཚོགས་འདུར་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)