02

2023年12月11日

(པར་ངོས་དང་པོར་མཐུད།)དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་ལག་ལེན་བསྟར་ནས་རྩ་ཁྲིམས་ཀྱི་གཏན་འབེབས་དང་། རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོངས་དང་། རྩ་ཁྲིམས་ལག་བསྟར་དང་། རྩ་ཁྲིམས་གསལ་འགྲེལ། རྩ་ཁྲིམས་ལྟ་སྐུལ་བཅས་ཀྱི་མ་ལག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཤེས་བྱ་ཁྱབ་གདལ་དང་། རིགས་པའི་གཞུང་ལུགས་གསལ་འགྲེལ། འདུ་ཤེས་ཁྲིད་སྟོན་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྩ་ཁྲིམས་ལག་བསྟར་དེ་མི་དམངས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་གཏང་དགོས།

ཚེས4ཉིན་ལ་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ་དང་མཉམ་དུ“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ལག་བསྟར་ལ་ཤུགས་བརྒྱབ་སྟེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་རྩ་ཁྲིམས་ཀྱི་འགན་ལེན་བྱེད་པའི”བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་ལག་བསྟར་དང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་ལེགས་ཆ་དང་ཕན་པ་འདོན་སྤེལ་གང་ལེགས་བཅས་བྱ་དགོས་པའི་ནན་གསུང་གནང་བ་རེད།

ཀྲའོ་ལེ་ཅིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩ་ཁྲིམས་དང་རྩ་ཁྲིམས་ལག་བསྟར་སྐོར་ལ་གསུང་བཤད་གལ་ཆེན་གནང་བ་དང་རྩོམ་ཡིག་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་རྩ་ཁྲིམས་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་དང་ཆེས་རྩ་བར་གྱུར་པའི་བླང་བྱ་ཡིན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”ཐུབ་པར་བྱས་ཏེ། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། སྤྱི་ཡོངས་བཅས་ཀྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མངོན་གསལ་དོད་པའི་རྩ་ཁྲིམས་ཤིག་དང་དོན་ངོ་མའི་མི་དམངས་ཀྱི་རྩ་ཁྲིམས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་རྩ་ཁྲིམས་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱ་དགོས། རང་རྒྱལ་གྱི་རྩ་ཁྲིམས་ལ་བླ་ན་མེད་པའི་ཁྲིམས་ལུགས་ཀྱི་གནས་བབ་དང་ཁྲིམས་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་ལྡན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་ལེན་བསྟར་བ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པས། ཁྲིམས་སྐྱོང་གི་འགྲོ་ལམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་དགོས།།

( མི་དམངས་དྲ་བ་ནས་དྲངས།)