01

ཧྥུང་ཧྥ་ཀུའེ་ཡིས་རི་བོ་གངས་དཀར་ཆེན་པོའི་རི་ཀླུང་མིའི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་སྐྲུན་པའི་བརྟག་ཞིབ་སྒྲུབ་གཞིའི་བཞུགས་མོལ་ཚོགས་འདུར། དམིགས་འབེན་ལ་དམིགས་པ་དང་དོན་ལ་འཁྱོལ་བ་གཞི་ཚུགས་པ། བརྟག་ཞིབ་གྲུབ་འབྲས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས་ཞེས་གསུངས། 2023年12月18日

ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་ཤུགས་ཆེན་སྤེལ་བའི་གཅིག་གྱུར་བཀོད་སྒྲིག་ལྟར། སྤྱི་ཟླ12པའི་ཚེས12ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་གཙོ་དོན་སློབ་གསོའི་ཞིབ་འཇུག་བྱ་གཞིའི་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལས་དོན་བསྒྲུབས་ཚུལ་ལ་གསན་འཇོག་གནང་བ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་རི་བོ་གངས་དཀར་ཆེན་པོའི་རི་ཀླུང་མིའི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་སྐྲུན་པའི་དམིགས་འབེན་ལ་དམིགས་དགོས་པ་དང་། གཉིས་ནས་དོན་འཁྱོལ་བྱ་རྒྱུར་གཞི་ཚུགས་དགོས། གསུམ་ནས་གྲུབ་འབྲས་སྲ་བརྟན་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)