01

ཞི་ཅིན་ཕིང་གིས་ཀོང་ཞི་ལ་རྟོག་ཞིབ་གནང་སྐབས། བསམ་བློར་བཅིངས་འགྲོལ་དང་གསར་གཏོད་ལ་བརྟེན་ནས་འགྱུར་ལྡོག་ཡོང་བ། མཚོ་ཁོངས་དར་རྒྱས། སྒོ་དབྱེ་འཕེལ་རྒྱས་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀོང་ཞི་ལེའུ་ཤུགས་ཡོད་རྒུས་བརྩོམ་དགོས་ཞེས་གསུངས། 2023年12月20日

སྤྱི་ཟླ12པའི་ཚེས14དང15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཞི་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས14ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ནན་ཉིང་གྲོང་ཁྱེར་ལེང་ཆིང་ཆུས་ཕན་ལུང་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

སྤྱི་ཟླ12པའི་ཚེས14དང15ཉིན ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཞི་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས14ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལའེ་པིང་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཧོང་ཨན་གྱི་སྤུས་ལེགས“མཐོ་བ་གཉིས”ཀྱི་ཤིང་མངར་རྟེན་གཞིར་རྟོག་ཞིབ་གནང་སྐབས་ཤིང་མངར་འདེབས་མཁན་ཞིང་པ་དང་། ཞིང་འཕྲུལ་བ། ཞིང་ལས་ལག་རྩལ་པ་བཅས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་སྤྱི་ཟླ12པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཞི་ལ་རྟོག་ཞིབ་གནང་སྐབས། ཀོང་ཞི་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་ལས་འགན་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྟངས་འཛིན་ནན་པོ་བྱས་ནས། རང་ངོས་ཀྱི་ལེགས་ཆ་འདོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། གསར་གཏོད་ལ་བརྟེན་ནས་འགྱུར་ལྡོག་ཡོང་བ། མཚོ་ཁོངས་དར་རྒྱས། སྒོ་དབྱེ་འཕེལ་རྒྱས་བཅས་བྱས་ནས། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བར་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་ཉམས་ལྡན་གྱི་ཀོང་ཞི་འཛུགས་སྐྲུན་བྱེད་པའི་ཐད་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱས་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀོང་ཞི་ལེའུ་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་གསུང་གནང་བ་རེད།

སྤྱི་ཟླ12པའི་ཚེས13ཉིན། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་རྒྱལ་ནང་དུ་ལོག་ཕེབས་ཤིང་། ཚེས14དང15ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལིའུ་ཉིང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ལན་ཐེན་ལི་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ནན་ཉིང་དང་ལའེ་པིང་སོགས་སུ་ཕེབས་ནས་ཕྱི་ཕྱོགས་སྒོ་དབྱེའི་རྣམ་གྲངས་དང་། སྡེ་ཁུལ། གྲོང་གསེབ། ཁེ་ལས་སོགས་སུ་བརྟག་ཞིབ་གནང་བ་རེད།

( པར་ངོས་གཉིས་པར་གཟིགས།)