ཉེ་ཆར། དཀར་མཛེས་ཁུལ་དུ་རྒྱལ་ཁབ་འཕྲོད་བསྟེན་ཁུལ་བསྐྲུན་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། འདུས་ཤུགས་དང་ངར་ཤུགས་གཅིག་སྒྲིལ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་འཕྲོད་བསྟེན་ཁུལ་བསྐྲུན་ཏེ། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་གནས་མཆོག་དཀར་མཛེས་ཀྱི་སྤུས་རྟགས་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏང་དགོས་པ་དང་། གཉིས་ནས་གཅིག་གྱུར་གྱིས་འཆར་འགོད་དང་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏང་དགོས། གསུམ་ནས་འགན་འཁྲི་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས། བཞི་ནས་ཡུན་ཕན་ལས་སྲོལ་འཛུགས་དགོས། ལྔ་ནས་ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།
(བདེ་སྐྱིད་ཀྱིས་བསྒྱུར།)