ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་གཞུང་དོན་ཐིང་གིས《2023ལོའི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སྙན་ཞུ་བཟང་པོ། བརྙན་ཐུང་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》
བཀྲམས་ཏེ། རང་ཁུལ་གྱི“སྐལ་བཟང་མེ་ཏོག་གངས་ལྗོངས་མཐོ་སྒང་དུ་བཞད”ཅེས་པའི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པར་སྔོན་ཐོན་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཐོབ།
ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམིགས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་གཙོ་བོ་བཟུང་སྟེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་བླ་སྲོག་སྐྱོང་བ་དང་བསམ་བློར་དྲག་ཆས་སྤྲས་པ། ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་པ། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་བོད་འབྲེལ་ས་ཁུལ་དུ་ལག་ལེན་བསྟར་བའི་དཀར་མཛེས་ཁུལ་གྱི་དཔེ་གཞིར་གྱུར་པ་ཤུགས་བརྒྱབ་ཅིང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཁྱབ་སྒྲོག་དང་། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་དཀར་མཛེས་ཁུལ་གྱི་སྤུས་རྟགས་བསྐྲུན་ཏེ། ཁུལ་ཡོངས་ཀྱི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ལས་དོན་ལ་རྣམ་པ་གསར་པ་ཐོན་པ་ཡོངས་སུ་བསྐུལ་ཡོད།
སྐལ་བཟང་མེ་ཏོག་གངས་ལྗོངས་མཐོ་སྒང་དུ་བཞད་ཅེས་པའི་ཁ་བརྡ་དུས་ཚོད་དེ་གཞི་རིམ་གྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཚོགས་པས་རང་ཁུལ་གྱི་དོན་དངོས་དང་མང་ཚོགས་ཀྱི་ཁྱད་ཆོས་ཟུང་དུ་སྦྲེལ་ཏེ། དྲྭ་ཐོག་དང་དྲྭ་ཕྱིའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་། ཁུལ་དང་རྫོང་། གྲོང་ཁྱེར། གྲོང་སྡེ་བཅས་རིམ་བཞིའི་མཉམ་འགུལ་ཡོང་བ་དང་། དྲྭ་ཐོག་དང་དྲྭ་ཕྱི་གཞི་གཅིན་ཅན་གྱི་སྒྲོག་འགྲེལ་བྱེད་སྟངས་གཅིག་ཏུ་བསྡུས་ནས་མི་སེར་གྱི་བྲོ་བ་དང་དུས་རབས་ཀྱི་བྲོ་བ། བདེན་དོན་གྱི་བྲོ་བ་ཡོད་པའི་སྒྲོག་འགྲེལ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ་རེད།
ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་སྒྲོག་འགྲེལ་ཡན་ལག་རུ་ཁག475ཡིས་གཅིག་སྡུད་ཐོག་སྒྲོག་འགྲེལ་ཐེངས9000ལྷག་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཁྲི110ལྷག་ལ་ཁེབས་ཡོད།།
( བདེ་ཆེན་གྱིས་བསྒྱུར།)