པར་འདི་ནི་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་ཁྲའོ་དབྱང་ཁྲོམ་གཞུང་ཀྲང་ཀྲོང་གྲོང་ཚོར་བརྔ་བསྡུ་འཕྲུལ་འཁོར་གྱིས་གྲོ་རྔ་བཞིན་པ།
པར་འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཚེན་ཀུང་རྫོང་ཧྲུའེ་ཝེ་གྲོང་རྡལ་ཞིན་ཁྲང་གྲོང་སྡེའི་ཞིང་པས་རྒྱུད་འདྲེས་ཆུ་འབྲས་རླངས་འཁོར་ནང་ལྡུག་བཞིན་པ།
པར་འདི་ནི་ཞིང་པས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཁའེ་དབྱང་རྫོང་གི་ཀྲའེ་ཅི་ཡུལ་ཤོག་ཡན་ཐང་གྲོང་སྡེའི་ཚད་གཞི་མཐོ་བའི་ཞིང་ནང་དུ་གྲོ་རྔ་བཞིན་པ།
པར་འདི་ནི་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཀོང་ཕིན་རྫོང་ཏུང་ཀྲང་མེང་ཀྲེན་གྱི་སྣུམ་སྐྱུར་བ་དམ་འདེབས་འཛུགས་རྟེན་གཞི་ནང་དུ་ཞིང་དུད་ཀྱིས་འཕྲུལ་ཆ་བཏང་ནས་བ་དམ་སྡུད་བཞིན་པ།
པར་འདི་ནི་དཀར་མཛེས་ཁུལ་འབའ་ཐང་རྫོང་གི་གྲོ་སྨིན་པའི་ཞིང་ར་སེར་པོ་རེད།
པར་འདི་ནི་ཧུའུ་ནན་ཞིང་ཆེན་ཁྲང་ཉིང་གྲོང་ཁྱེར་མའོ་ཆན་གྲོང་རྡལ་ཆོན་ཅིང་གྲོང་སྡེའི་གྲོང་མིས་འབྲས་ཉི་མར་ལྡེ་བཞིན་པ།
པར་འདི་ནི་ཧེ་ལུང་ཅང་ཞིང་ཆེན་ཀྲའོ་ཏུང་གྲོང་ཁྱེར་ཝུའུ་ལི་མིང་གྲོང་རྡལ་ཏུང་ཧྲེང་གྲོང་སྡེའི་ཞིང་པས་བརྔ་བསྡུ་བྱས་པའི་མ་རྨོས་ལོ་ཏོག་ས་གནས་དེ་གའི་ཞིང་ལས་མཉམ་ལས་ཁང་དུ་ཉི་མར་ལྡེ་བཞིན་པ།
པར་འདི་ནི་ཞིང་པས་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་སུང་ཐའོ་མིའོ་རིགས་རང་སྐྱོང་རྫོང་ཕུའུ་ཅུའེ་གྲོང་རྡལ་ཆུ་འབྲས་འདེབས་འཛུགས་རྟེན་གཞིར་འབྲས་སྡུད་བཞིན་པ།
ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྒྲགས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་སླར་ཡང་ལོ་ལེགས་བྱུང་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་རྒྱ་མ་དུང་ཕྱུར13908.2ལ་ཟིན་པ་དེ་ན་ནིང་ལས་རྒྱ་མ་དུང་ཕྱུར177.6འཕར་ནས་བརྒྱ་ཆ1.3འཕར་ཡོད་པ་རེད། ལོ9བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.3ཡན་བརྟན་པོར་གནས་ཐུབ་ཡོད། ( ཡེ་ཤེས་ཀྱིས་བསྒྱུར།)