03

ཁམས་ཀྱི་ནང་མ། 2024年01月17日

ནང་མ་ཅི་བསམ་དོན་འགྲུབ།།

བུ་མོ་གཡུ་ཆུང་དྲུག་དཀར།།

ལས་འཕྲོ་པེ་ཙིའི་ཁ་ན།།

ཕར་གཡོ་ཚུར་གཡོ་རེད་འདུག།

ཨ་ཕོ་ཀུན་དགའ་དོན་འགྲུབ།།

བུ་མོ་གཡུ་ཆུང་དྲུག་དཀར།།

ཚོར་བའི་ལྦུ་ཆང་ཁ་ན།།

ལས་ཀྱི་སྒྱུ་མ་འཁོར་འདུག།

བུ་ཆུང་བསམ་པའི་དོན་འགྲུབ།།

བུ་མོ་གཡུ་ཆུང་དྲུག་དཀར།།

གནམ་སའི་ཡོ་ལང་ཁྲོད་ན།།

མིག་གི་གཡོ་རྔམ་ཟུག་འདུག།

དོན་གྱི་དམིགས་ས་གང་ནས།།

རེ་བའི་འདུན་མ་བོར་ནས།།

ཞེ་འདོད་གཏིང་ནས་ལོག་ན།།

ང་ལ་བློ་འགྱོད་མ་སྟོན།།

མོ་ལ་ཆ་ནི་མི་འདུག།

ཁྱོད་ལ་མདོ་ནི་མི་འདུག།

ཁྱེད་གཉིས་ཆ་མེད་མདོ་མེད།།

འབྲས་བུ་སྨིན་ས་མ་རེད།།

ལས་འཕྲོའི་མདུད་པ་འགྲིག་བསམ།།

ཚིག་གི་སྙིང་པོ་ཟིན་བསམ།།

མདོར་ན་གཏམ་གྱི་མཇུག་མ།།

ཁམས་ཀྱི་ནང་མའི་བཅུད་རེད།།

༼ སྒོ་སྤྲེལ་ངེས་དོན། ༽