04

བོད་ཀྱི་ལོ་གསར་སྤྲོ་ཚོགས་སུ་ཡིད་དབང་འཕྲོག་པའི་མི་ རིགས་རིག་གནས་ཀྱི་ཉམས་བཟང་མངོན་རྒྱུ། 2024年01月17日

སྤྱི་ཟླ་དང་པོའི་ཚེས13ཉིན་གྱི་དགོང་མོར་ཁྲེང་ཏུའུ་རུ2024ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཤིང་འབྲུག་ལོའི་ལོ་གསར་གྱི་སྤྲོ་ཚོགས《གཡུ་འབྲུག་དགྱེས་སྟོན》བརྙན་ཕབ་བྱས་ཤིང་། སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ནས་ཡོང་བའི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན400ལྷག་ཙམ་དང་འཁྲབ་སྟོན་ཚོགས་པས་ཡིད་དབང་འཕྲོག་པའི་འཁྲབ་སྟོན་ལེ་ཚན་ཁག31འཁྲབ་ཅིང་། སྒོར་གཞས་དང་། འབའ་གཞས། འབྲོག་ཁུལ་གྱི་ཞབས་བྲོ་སོགས་ཕུན་སུམ་ཚོགས་པའི་སྟོན་མོ་བཤམས་པ་རེད།སྤྲོ་ཚོགས་དེ2024ལོའི་ཟླ2ཚེས10ཉིན(བོད་ཀྱི་ལོ་གསར་ཚེས་གཅིག་ཉིན)ཁམས་པའི་བརྙན་འཕྲིན་གྱི་འཕྲིན་ལམ་ནས་གཏང་རྒྱུ་རེད།

(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)