སྤྱི་ཟླ་དང་པོའི་ཚེས12ཉིན།ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གིས2024ལོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་སྤྱི་ཟླ་དང་པོའི་ཚེས26ཉིན་ནས་འགོ་བཙུགས་ཏེ་སྤྱི་ཟླ3ཚེས5ཉིན་མཇུག་འགྲིལ་རྒྱུ་དང་དུས་ཡུན་ཉིན་40ཡིན་པའི་ཁྱབ་བསྒྲགས་བྱས་ཤིང་། དཔྱིད་གསར་སྐྱེལ་འདྲེན་གྱི་མེ་འཁོར་སྤ་སེ་སྤྱི་ཟླ་དང་པོའི་ཚེས12ཉིན་ནས་འཚོང་འགོ་ཚུགས་ཡོད།རྒྱལ་ཁབ་ལྕགས་ལམ་ཚོགས་པ་འགྲུལ་སྐྱེལ་པུའི་འགན་འཁུར་བས། དཔྱིད་གསར་དུས་ཆེན་གྱི་གོང་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར12700དང་དཔྱིད་གསར་དུས་ཆེན་གྱི་རྗེས་སུ་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར12800བཀོད་སྒྲིག་བྱས་ཡོད་ཅིང་། འགྲུལ་པ་སྐྱེལ་འདྲེན་བྱེད་ནུས2019ལོའི་དུས་མཚུངས་ལས་ཁག་སོ་སོར་བརྒྱ་ཆ14.4དང་བརྒྱ་ཆ12.6འཕར་ཡོད་ཅེས་བརྗོད།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)