01

གསར་འགྱུར་གནད་བསྡུས། 2024年01月22日

༄༅།། 2024ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། བོད་ལོ་གསར་བཅས་རིང་གི་འཚམས་འདྲི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཁུལ་ཨུའི་བཀོད་སྒྲིག་ལྟར། ཉེ་ཆར། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་སི་ཁྲོན་འཁྱེར་འཕྲིན་སྤྱེ་གཉེར་ཁང་དཀར་མཛེས་ཁུལ་ཡན་ལག་སྤྱེ་གཉེར་ཁང་དང་། དཀར་མཛེས་ཁུལ་ནད་ཡམས་འགོག་ཟོན་ལྟེ་གནས་སུ་ཕེབས་ནས་ལས་རིགས་གལ་ཆེན་དང་འགག་རྩའི་ལས་གནས་སུ་ཡུན་རིང་འབད་འཐབ་བྱེད་མཁན་ལས་བྱེད་དང་ལས་བཟོར་འཚམས་འདྲི་གནང་བ་རེད།།

༄༅།། ཉེ་ཆར། ཞིང་ཆེན་ས་གཤིས་ཅུས་དང་དཀར་མཛེས་ཁུལ་གྱི་འཐབ་ཇུས་མཉམ་ལས་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་དང་ཞིང་ཆེན་ས་གཤིས་རུ་ཆེན་གསུམ་པའི་འཐུས་མིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། ཞིང་ཆེན་ས་གཤིས་རུ་ཆེན་གསུམ་པས《ས་གཤིས་ཆེད་ལས་ཀྱི་ལེགས་ཆ་བཏོན་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འདེགས་སྐྱོར་བྱ་དགོས》ཞེས་ཆེད་དོན་ལས་དོན་སྙན་སེང་ཕུལ་བ་རེད།།