ym03b20250620C

རྨི་ལམ་ནང་གི་ཕ་ཡུལ། 2025年06月20日

ཕ་ཡུལ་འཁྱག་པོ་ཞིག་གི་གྲིབ་གཟུགས།

དགུན་གཞུང་ཧྲིལ་བོ་འདིའི་གྲང་ངར་དང་ལྷན་དུ།

བཞུར་མི་ཚར་བའི་རྨི་ལམ་གྱི་གཙང་པོར་འདུས།

ས་མཐར་འཁྱམས་པའི་འབུ་ནག་གི་ཚོགས་ཀྱང་།

གོག་འདུར་བྱས་ནས་ཕ་ཁྱིམ་གྱི་གོ་ཁར་འཚངས།

གོ་ཁ་ཅི་འདྲའི་དྲོ་བ་ལ།

མུན་ནག་གི་ཀློང་དུ་འུག་པ་མང་པོ་འཛོམས།

ངལ་དུབ་དང་སྡུག་ཡུས་ཁུར་ནས་འཛོམས།

ངས་འུག་པར་མིག་ཆུ་ཡོད་མེད་མ་མཐོང་།

དྲན་གདུང་གིས་མནར་བའི་མི་རྣམས་ཀྱང་།

འུག་པ་ཇི་བཞིན། ས་རུབ་པ་དང་།

ཕ་མའི་དྲོ་སྐྱིད་ཀྱི་གོ་ཁར་འཚངས།

གོ་ཁ་ཅི་འདྲའི་དྲོ་བ་ལ།

༼ ཉག་ཕྲན། ༽