国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྲུང་ཁྲུང་ཁྱུ་གཅིག་ལ་བཏེགས་ པའི་ཚོར་བ།

ངོ་མི་ཤེས་པའི་མཚན་གུང་འདིར།

ང་རང་སྙན་ངག་གཅིག་གིས་འཁྲུལ་འགྲོ།

བུད་མེད་གཅིག་གི་སྟོན་ཁའི་ནང་དུ་འཁོར་ན།

ཁྲུང་ཁྲུང་ཁྱུ་ཞིག་གི་གཤོག་སྣེ་རུ་བཏེགས་པའི་ཚོར་བ།

ཡིད་བརྙན་གྱི་མཚེའུ་ནང་དུ་ལྷོད་ཀྱིས་ཞབས་བྲོ་འཁྲབ།

ཁེར་རྐྱང་གིས་བསམ་གཞིག་རེ་བྱས་ན།

སྙན་ངག་གིས་གཉིད་བསླངས་པའི་ཞོགས་པ་ག་ཚོད་ལ།

ཁྱོད་ཀྱིས་རྟག་པའི་ནམ་མཁའ་ལས་མི་རྟག་ག་ཚོད་བལྟས་མྱོང་།

ཏག་ཏག་ཁྱོད་ཀྱིས་མི་རྟག་པའི་ཁྲུང་ཁྲུང་ཁྱུ་ཞིག་བྲིས་རྐྱེན།

ངའང་ཁྲུང་ཁྲུང་ཁྱུ་དེའི་གཤོག་སྒྲ་ལ་ཆགས་ཞེན་སྐྱེས།

ཁྱོད་ལ་ཁྲུང་ཁྲུང་ཁྱུ་ཞིག་ལས།

གཞན་ད་དུང་གཉིད་མ་ཁུག་པའི་མཚན་མོ།

ངོ་མི་ཤེས་པའི་ཞོགས་པ་ག་ཚོད་ཀྱིས་རམ་འདེགས་ཡོད་རྐྱེན།

ང་རང་ཁྱོད་ཀྱིས་གཏན་ནས་འཁྲུལ་དུ་བཅུག

༼ བསྟན་འཛིན་ཕུན་ཚོགས། ༽