སྤྱི་ཟླ5པའི་ཚེས24ཉིན་ནས28ཉིན་བར་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་དང་གྲོང་སྡེ་དར་རྒྱས་ཀྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང(རྒྱས་འཛོམས)གྲོས་ཚོགས་འཚོགས་པ་རེད། གྲོས་ཚོགས་དེ་ལས་ཡུལ་དངོས་སུ་རྟོག་ཞིབ་དང་ལྟ་སྦྱོང་བྱས་པ་དང་ཕྱོགས་བསྡོམས་ཚོགས་འདུ་འཚོགས་པའི་རྣམ་པའི་ཐོག་ནས་སྤེལ་བ་རེད།
ཚོགས་ཞུགས་མི་སྣས་འབྲི་ཆུ་བབ་རྒྱུད་ཀྱི་བྱང་ནས་ལྷོ་བར་སྔ་ཕྱིར་སེར་ཤུལ་དང་སྡེ་དགེ། དཔལ་ཡུལ། དཀར་མཛེས། འབའ་ཐང་། སྡེ་རོང་། ཕྱག་ཕྲེང་བཅས་རྫོང་བདུན་གྱི་ས་ཚུགས14ལ་རྟོག་ཞིབ་དང་ལྟ་སྦྱོང་བྱས་པར་མ་ཟད། ད་དུང་ཕྱག་ཕྲེང་རྫོང་དུ་ཕྱོགས་བསྡོམས་ཚོགས་ཆེན་འཚོགས་ནས་འཐབ་ཇུས་ཆེན་པོ་དྲུག་དང་གྲོང་གསེབ་དར་རྒྱས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་སྤེལ་རེས་བྱས་ནས་སླད་ཕྱིན་གྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། (པར་ངོས་བཞི་པར་གཟིགས།)
