སྤྱི་ཟླ6པའི་ཚེས18ཉིན་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་རོང་བྲག་རྫོང་དུ“6·17”གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཉེན་སྐྱོབ་གནོད་སེལ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་གནོད་འཚེ་ཐེབས་ཚུལ་དང་ཉེན་སྐྱོབ་གནོད་སེལ་ལས་དོན་གྱི་གནས་ཚུལ་གསར་ཤོས་སྙན་སེང་ཞུས་པར་གསན་འཇོག་གནང་བ་རེད། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་གཙོ་བོས་ཉེན་སྐྱོབ་གནོད་སེལ་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་འབྲེལ་ཡོད་བླང་བྱ་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱས་པ་རེད།
ཞིང་ཆེན་སྲིད་གཞུང་གི་དཀར་མཛེས་ཁུལ་དུ་བཅའ་སྡོད་ཡོད་པའི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལྟ་སྐུལ་མཛུབ་ཁྲིད་ལས་སྒྲུབ་རུ་ཁག་གི་མགོ་འཛིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་དབྱང་ཤུའེ་དང་ཞིང་ཆེན་ཆུ་བེད་ཐིང་གི་སྤྱི་ཁྱབ་བཟོ་བཀོད་པ་ལེང་ཅུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་ཚོགས་འདུར་ཕེབས་ཡོད་པ་རེད།
འབྲེལ་ཡོད་ལས་དོན་སྙན་ཞུ་དང་ཞིང་ཆེན་གྱི་ཆེད་རམས་པ་ཚོགས་ཆུང་གི་བསམ་འཆར་ལ་གསན་རྗེས་ཞའོ་ཡིའུ་ཚའེ་ཡིས་རོང་བྲག་རྫོང་དང་ཡུལ་ཤོག གྲོང་སྡེ་བཅས་རིམ་གསུམ་གྱིས་འཚུབ་བསྟུན་སྔོན་བརྡ་གཏོང་བ་དང་།ཉེན་སྐྱོབ་གནོད་སེལ།མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་ཀྱི་ཐད་བསྒྲུབས་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གློ་བུར་དུ་བྱུང་བའི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་མདུན་དུ་རོང་བྲག་རྫོང་གིས་མགྱོགས་མྱུར་དུ་རྒུད་སྐྱོབ་བྱ་སྤྱོད་སྤེལ་ཞིང་ཚང་མས་འབད་འཐབ་དང་ཕྱར་བ་གྲུ་འདེགས་བྱས་པར་བརྒྱུད། དུས་རིམ་དང་པོར་འཚུབ་བསྟུན་རོགས་སྐྱོབ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གནོད་སྐྱོན་ཐེབས་ཡུལ་གྱི་སྤྱི་ཚོགས་དང་འཚོ་བའི་སྒྲིག་ལམ་བརྟན་པོ་ཡོང་བར་འགན་ལེན་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་དུས་ཐོག་ཏུ་བཏང་བ་ལས་བྱུང་བ་ཞིག་རེད། འཚུབ་བསྟུན་མྱུར་སྒྲུབ་ཀྱི་བྱེད་ཐབས་ནུས་ལྡན་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ཆེད་རམས་པ་ཚོས་ལས་ཡུལ་དང་པོར་མཛུབ་ཁྲིད་བྱས་པ་ལས་བྱུང་བ་ཞིག་རེད།
ཕྱིན་ཆད་ཀྱི་ལས་དོན་ལ་དམིགས་ནས་ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། གཅིག་ནས་དགོངས་དོན་དོན་འཁྱོལ་ནན་ཏན་བྱ་དགོས། གཉིས་ནས་རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་དགོས། གསུམ་ནས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱ་དགོས། བཞི་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ནན་པོ་གཏང་དགོས། ལྔ་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་དགོས། དྲུག་ནས་གནོད་འཚེ་ཐེབས་ཚུལ་མཐིལ་རྟོགས་བྱ་དགོས། བདུན་ནས་ཉེན་ཁའི་གནད་དོན་སྔ་ཙམ་སེལ་དགོས། བརྒྱད་ནས་གོང་རིམ་ནས་ལས་གཞི་བརྩོན་ལེན་བྱ་དགོས། དགུ་ནས་བསྐྱར་སྐྲུན་གྱི་འཆར་འགོད་བྱ་དགོས། བཅུ་ནས་གླེང་ཕྱོགས་ཀྱིས་ཁྲིད་སྟོན་ཡང་དག་པ་བྱ་དགོས། བཅུ་གཅིག་ནས་སྤྱི་ཚོགས་བརྟན་བརླིང་འགན་ལེན་བྱ་དགོས།།
(ལྷ་འཛོམས་ཀྱིས་བསྒྱུར།)