国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ8རིང་ལ་ཕག་གསོ་བ་དང་ཏང་ནང་ཞུགས་ནས་ལོ20འདས་པའི་ཆོས་འཕེལ་གྱིས་ཏང་ནང་ཞུགས་སྐབས་ཀྱི་དམ་བཅའ་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁྲི་བརྗེད་མེད། གསོ་སྤེལ་དུད་ཚང64ཐུན་མོང་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་མཐར།

ཕག་གསོ་འཇོན་ཅན་ཕྱུག་འགྱུར་བྱེད་མཁན་གྱི་སྣེ་ཁྲིད་པར་གྱུར།

ཕག་ཅིག་གི་ཁེ་སྤོགས་རྐྱང་པ་སྒོར500ཡན་ཆད་ལ་ཟིན་ཞིང་།དེང་སང་ཚོང་ར་རིམ་བཞིན་ཆགས་བཞིན་ཡོད། གལ་ཏེ་གཞི་ཁྱོན་དེ་ལས་ཆེ་ཙམ་ཡོད་ན་མཉམ་ལས་ཁང་དུ་ཞུགས་པའི་ཞིང་པའི་ཡོང་འབབ་ཀྱང་དེ་བས་མང་བ་ཡོང་ངེས་ཡིན་པ་ཚང་མར་ཡིད་ཆེས་ཡོད་དགོས། ཉེ་ཆར། ལི་ཐང་རྫོང་འཇའ་བ་གྲོང་རྡལ་འཇའ་མདའ་གྲོང་སྡེའི་བོད་ཕག་གསོ་སྤེལ་ར་བར་གྲོང་སྡེ་དེའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཆོས་འཕེལ་གྱིས་སྨྱུག་འཛིན་པར་དེ་ལྟར་ངོ་སྤྲོད་བྱས་པ་རེད།

དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ནས་གྲོང་སྡེའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅིའི་བར་གྱི་བརྒྱུད་རིམ་ནང་ཆོས་འཕེལ་གྱིས་ཟ་ཁང་ཚོང་གཉེར་བྱས་མྱོང་ལ་སྐྱེལ་འདྲེན་ཡང་བྱེད་མྱོང་བ་རེད། 2011ལོར་ཁོས་གསོག་དངུལ་ཚང་མ་ལེན་པའི་དུས་མཚུངས་སུ་དངུལ་བུན་གཡར་ནས་གྲོང་སྡེའི་ནང་ཕྱི་ལོག་ནས་བོད་ཕག་གསོ་མགོ་བཙུགས་པ་རེད།

ལི་ཐང་རྫོང་འཇའ་བ་གྲོང་རྡལ་འཇའ་མདའ་གྲོང་སྡེ་ནི་སྔོ་ཆད་སྐད་གྲགས་ཡོད་པའི་གྲོང་སྡེ་དབུལ་པོ་ཞིག་ཡིན་པ་རེད། 2011ལོའི་སྤྱི་ཟླ11པར་ཆོས་འཕེལ་གྲོང་སྡེ་དེའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཐོན་བྱུང་བ་རེད། དེའི་དུས་ཁོས་བསམ་རྒྱུ་ལ་རང་ཉིད་ཀྱིས་ཕྱུག་འགྱུར་བྱེད་སའིལམ་བུ་རྙེད་མེད་པས་ཇི་ལྟར་བྱས་ནས་གྲོང་མི་དུད་ཚང64དབུལ་ཐར་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱེད་དགོས་ལེ་རེད། ལོ་དེར་ཁོས་ཕྱོགས་མང་ཐད་ནས་མ་དངུལ་སྒོར་ཁྲི50ལྷག་ཙམ་བསྡུ་གསོག་བྱས་ནས་བོད་ཕག་གསོ་སྤེལ་བྱེད་ས་ཞིག་འཛུགས་གཉེར་བྱས་པ་རེད།

བརྩོན་ཤུགས་དང་སེམས་ཤུགས་ལ་བརྟེན་ནས་གསོ་སྤེལ་ལག་རྩལ་དང་ཚོང་གཉེར་ཉམས་མྱོང་རིམ་བཞིན་ཁོང་དུ་ཆུད་ནས་ཕག་གསོ་སྤེལ་ར་བ་དེ་འཇའ་བ་གྲོང་རྡལ་གྱི་གཙོ་གནད་ཕག་གསོ་ར་བ་ཞིག་ཏུ་གྱུར་ཡོད། ཆོས་འཕེལ་གྱིས་ལོ་རེར་སྒོར་ཁྲི2ཀྱི་ཐོན་རྫས་རིན་ཐང་གི་དངོས་ཡོད་གནས་ཚུལ་ལ་ཡི་མི་རང་ནས་ལྟ་ཞིབ་དང་ཞིབ་འཇུག་བྱས་ཏེ་ཐོན་ལས་སྣ་མང་འཕེལ་རྒྱས་གཏང་རྒྱུའི་ཇུས་འགོད་བྱས་མཐར། མི་དེ་བས་མང་པོ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད། དེར་བརྟེན་ཆོས་འཕེལ་གྱིས་གཡག་རྔ་དང་དར་མདོ་སོགས་ས་ཆ་མང་པོར་སློབ་སྦྱོང་བྱས་ནས་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཐད་དཀའ་སྤྱད་འབད་བརྩོན་བྱས་ཡོད། ཆོས་འཕེལ་གྱི་སྣེ་ཁྲིད་འོག2016ལོར་ལི་ཐང་འཇའ་མདའ་གྲོང་སྡེའི་ལེའར་ཐེང་བོད་ཕག་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་གིས་ལོ་གཅིག་ལ་བོད་ཕག་ཚན་པ་གསུམ་ནས་བཞི་བཤས་ཁོངས་སུ་བཏང་ནས་ཚན་པ་རེར་ཕག་ལྔ་ཡོད་པ་རེད། འགྲོ་གྲོན་སྣ་ཚོགས་ཕུད་རྗེས་ཕག་རེའི་ཁེ་བཟང་སྒོར4800རག་པ་དང་། ཚན་པ་གཅིག་ལ་ཕག་ལྔ་ཡིས་ཁེ་བཟང་སྒོར24000རག་གི་ཡོད་པ་རེད། ལོ་གཅིག་ལ་མཉམ་ལས་ཁང་གི་ཡོང་འབབ་ཁེ་གཙང་སྒོར100000ཙམ་ལ་ཟིན་པ་རེད། མིག་སྔར་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་བོད་ཕག་གི་ཚོང་ལམ་བཏོད་ནས་ཁོངས་མིའི་ཡོང་འབབ་ཆེས་ཆེར་འཕར་བ་རེད།མཉམ་ལས་ཁང་དེ་མགོ་བཙུགས་དུས་ཀྱི་དུད་ཚང5ནས་གྲོང་སྡེ་ཡོངས་ཀྱི་དུད་ཚང64བར་མང་དུ་ཕྱིན་ཡོད། མཉམ་ལས་ཁང་གིས་ལོ་ལྟར་སྒོར་ཁྲི5གྲོང་སྡེའི་ཨུ་ལྷན་གཉིས་ལ་སྤྲད་ཅིང་། གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར0ནས་སྒོར་ཁྲི5ཡི་ཐོག་འཕར་སྣོན་ཕྱིན་པ་རེད། 2016ལོར་གྲོང་མིའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྔོན་ཆད་ཀྱི་སྒོར3100ནས་སྒོར3500ཡི་ཐོག་མཐོ་རུ་ཕྱིན་ཏེ་གྲོང་སྡེ་དབུལ་པོ་ནས་བདེ་བླག་ངང་ཕྱིར་འཐེན་བྱས་ཐུབ་ཡོད་པ་རེད།

ཆོས་འཕེལ་གྱིས་སྣེ་ཁྲིད་འོག་འཇའ་མདའ་གྲོང་སྡེ་དུད་སྦྲེལ་ལམ་དང་དུད་ཚང་དུ་བསྲིངས་པའི་ཨར་འདམ་ལམ། མི་ཕྱུགས་འཐུང་ཆུའི་ལས་གྲྭ དུད་ཚང64ཡི་གསང་སྤྱོད་ཁང་དང་ཐབ་ཚང་འཛུགས་སྐྲུན། ཁང་པ5གསར་སྐྲུན་བྱས་ཡོད། ཆོས་འཕེལ་གྱིས་མ་དངུལ་སྒོར་ཁྲི3.5བཏང་ནས་གྲོང་སྡེའི་བྱེད་སྒོའི་ལྟེ་གནས་བསྐྲུན་ཏེ་གྲོང་སྡེ་ཡོངས་ཀྱི་མང་ཚོགས་ལ་རོལ་རྩེད་སྤྲོ་གསེང་བྱ་ཡུལ་ཞིག་མཁོ་འདོན་བྱས་ཡོད། ད་ཆ་འཇའ་མདའ་གྲོང་སྡེའི་རྣམ་པ་གསར་རྐྱང་དུ་གྱུར་ནས་མང་ཚོགས་ཀྱི་འཚོ་བ་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

ཏང་ཡོན་དང་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཕྱུག་པོར་གྱུར་ན་ཕྱུག་པོར་མི་བརྩི། གྲོང་སྡེ་ཡོངས་ཕྱུག་པོར་གྱུར་ན་ད་གཟོད་ཏང་ནང་དུ་ཞུགས་སྐབས་ཀྱི་ཐོག་མའི་བསམ་འདུན་ལ་ངོ་གནོང་མི་དགོས་པ་རེད། རང་ཉིད་ཀྱིས་བསྒྲུབས་པ་དེ་ད་དུང་མང་ཚོགས་ཀྱི་རེ་འདུན་སྐོང་མི་ཐུབ་པའང་ངས་ད་དུང་ལས་འགན་སྒྲུབ་གང་ཐུབ་བྱས་ཏེ་ཕུལ་བྱུང་དམག་མི་དང་། །ལི་ཐང་རྫོང་གི་ཕུལ་བྱུང་གུང་ཁྲན་ཏང་ཡོན། དཀར་མཛེས་ཁུལ་གྱི་ཕུལ་བྱུང་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་དགོས་པ་ཆོས་འཕེལ་གྱིས་རེ་བ་དང་བླངས་བྱས་པ་རེད། གྲོང་མི་ཚོ་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་དགོས་པ་རེད་ཁོང་གིས་ཅེས་བཤད།

(ཡེ་ཤེས་ཀྱིས་བསྒྱུར།)