国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། ཉེ་ཆར། 《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི2020ལོའི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་གྲྭ་དྲུག་གི་འཆར་གཞི་གཅིག་ཐོག་དྲུག་སྣོན་པའི་ལས་ཀའི་ཇུས་གཞི་འགོད་རྒྱུའི་སྐོར་གྱི་བརྡ་ཐོ》ཡིག་ཆའི་སྙིང་དོན་གཞིར་བཟུང་ནས། རང་ཁུལ་གྱི2020ལོའི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་གྲྭ་དྲུག་ལ་མ་དངུལ་སྒོར་དུང་ཕྱུར24.27གཏང་རྩིས་བྱས་པ་རེད། དེའི་ནང་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར19.39བརྩོན་ལེན་བྱས་པ་དེས་བརྒྱ་ཆ79.9ལས་ཟིན་ཡོད། ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར4.77བརྩོན་ལེན་བྱས་པ་དེས་བརྒྱ་ཆ19.7ལས་ཟིན་ཡོད། ཁུལ་དང་རྫོང﹙གྲོང་ཁྱེར﹚གྱིས་མ་དངུལ་སྒོར་དུང་ཕྱུར0.11བཏང་ནས་བརྒྱ་ཆ0.4ལས་ཟིན་ཡོད་པ་རེད།།

༄༅།། སྤྱི་ཟླ7པའི་ཚེས1ཉིན། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས་གཙོ་འགན་བཞེས་ནས་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི2020ལོའི་རྒྱས་འཛོམས་གྲོས་ཚོགས་ཐེངས8པ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་དང་དུག་འགོག་ལས་ཀའི་ཐད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་ཀྱིས་སློབ་སྦྱོང་བྱས་པ་རེད།།