国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ཚེའི་ཁ་ཕྱོགས་།

མདུན་དུ་རྒྱུག་པ་ནི་སྔོ་མེར་མེར་གྱི་གཙང་པོ་ཞིག་རེད།

ཞི་དུལ་བག་ཡངས་ལ་རྒྱུག་པའི་གཙང་པོ་འདིས།

ངའི་མི་ཚེ་དང་ལས་དབང་ལ་ལམ་སྟོན་བྱེད་ཀྱིན་ཡོད།

ཐག་རིང་ཐག་རིང་ཞིག་ནས་བཞུར་འོང་བའི་གཙང་པོ་འདི།

ལྷ་ཡུལ་ནས་མི་ཡུལ་དུ་དཔྱངས་པའི་རྨུ་ཐག་གམ།

ལྷ་མིའི་རྣམ་ཤེས་འབྲེལ་བའི་ལྟེ་ཐག་ཞིག་ཏུ་བྱས་ན།

ནམ་ཉིན་མེར་མེར་ལ་བཞུར་འོང་བའི་གཙང་པོ་འདི།

མེས་པོའི་ཟུངས་ཁྲག་དང་རྣམ་ཤེས་ལས་གྲུབ་པའི་གདམ་ངག་

སྙན་མོ་ཞིག

གཙང་པོའི་འཁྲིས་སུ་སླེབས་དུས།

གྲུ་ཤན་མེད་པའི་དུས་ཚིགས་འདི་ལ་རབ་ཁའང་མེད་པས།

ངས་གཙང་པོའི་རླབས་སྒྲར་ཉན་ཏེ་དུས་ཚིགས་ཤིག་གི

འགྱུར་བག་ལ་སེམས་གསོ་བྱེད་དགོས་བྱུང་།

གྲང་ངར་རིམ་བཞིན་རྒྱས་བཞིན་པའི་དུས་ཤིག་ལ།

ང་རང་གཙང་པོའི་ཕ་ཁར་འགྲོ་དགོས་པས།

སེམས་འགྱུ་སྟོང་གིས་བྲིས་པའི་ནམ་མཁརཅེར་དུས།

འབྲོང་རྒོད་ཅིག་གི་རྨིག་རྗེས་ལས།

གཙང་པོའི་ཁ་ཞེང་དང་གཏིང་ཚད་གཏན་ནས་མ་རྟོགས།

དེ་ལྟའི་ངང་དུ། ཕ་མེས་ཚོས་བརྒྱུད་མྱོང་བའི་ལམ་དེར་ཕྱི་རྒྱང་

བྱེད་སྐབས།

ཞི་འཇམ་ནི་འབྲོང་རྒོད་ཀྱི་རང་གཤིས་དང་།

བག་ཡངས་དེ་རྩྭ་ཐང་ལྟ་བུའི་ཨ་མའི་སེམས་ཁམས་རེད་ལ།

གཙང་པོ་འདི། མེས་པོས་བྲིས་པའི་སྙན་ངག་རིང་མོ་ཞིག་ཡིན་པས།

ངས་གཙང་པོའི་ཕ་རོལ་ལ་ཕྱོགས་ཏེ་ཀི་རིང་ཞིག་འདེབས་དགོས་བྱུང་།

༼ བུ་ཚེ་རིང་རྒན་པ། ༽