国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱེའུ་ཚོགས།

རང་གི་འཛིན་གྲྭར་ཕུལ་བ།

ནམ་མཁའ་འདི་བྱ་རྒོད་ཁོ་ནར་དབང་བ་མིན།

སྤྲིན་པ་དཀར་ནག་གཉིས་ཀྱང་ང་ཚོའི་མགོ་

ཐོག་རྐྱང་རྐྱང་འཁྲིགས་པ་མིན།

ཟླ་བའི་མཐའ་འཁོར་གྱི་སྐར་མ་དག་ལ་

འོད་མདངས་མེད་པ་མིན།

ཉི་མའི་འགྲམ་ནས་ཟླ་བའི་འོད་མདངས་ཀྱང་

མཐོང་དཀའ་མོ་འདུག

ས་ཆེན་པོའི་མདོག་ཤོར་དུས་ཁ་བའི་མེ་ཏོག་

འབབ་པ་བལྟས་པ་ཡིན་སྲིད་ཀྱང་།

གནམ་སྔོན་མོའི་མིག་ཆུ་མོད་དུས་ས་གཞི་ནས་

མེ་ཏོག་སྣ་ཚོགས་གྱེན་དུ་བསྒྲེངས་འོང་བ་ནི།

མཚོན་དོན་མེད་པ་ཞིག་གཏན་ནས་ཡིན་མི་

སྲིད་ཨང་།

ངེད་ཅག་ལ་མི་ཚོགས་ཀྱི་རྣ་དབང་འཕྲོག་བྱེད་

ཀྱི་དབྱངས་རྟ་ཞིག་མེད་ཀྱང་།

ང་ཚོའི་རྒྱུད་སྐུད་ཀྱི་སྒྲ་གདངས་འདི་ནི་རང་ཉིད་

ཀྱི་ཚེ་རབས་ཤིག་གི་ནོམ་པ་ཡིན།

༼ འོད་ཟེར་དགུ་བ། ༽