国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁ་དོག་།

མཚན་མོ་རེ་རེར་མིང་རེ་འདུག་ཀྱང་།

ད་ལྟ་དྲན་པའི་ཁུད་ནས་བོར་སོང་བ་ཁྱེད་

ཀྱིས་ཨེ་ཤེས།

ལོ་འདི་དག་ལ།

དྲན་པ་ཡིན་ཟེར་བའི་སྐད་ཆ་ལྟབ་ལྟོབ་འགའ་རེ།

སྣང་ཁམས་ལས་ཕྱི་རོལ་ལ་ཕུད་ནས་བཤད་ཀྱང་།

ཁ་དོག་མེད་པའི་སྐད་ཆ་དེ་དག་ལ།

ཉན་མཁན་གཅིག་ཀྱང་མ་བྱུང་།

གཞས་རེ་དང་འདྲ་བར།

སྐྱོ་བ་སོགས་ཤེད་ལ་བརྒྱབ་ནས་ཆང་ལ་བྲིས་ཀྱང་།

དབྱངས་མཁན་མེད་པའི་གཞས་པ་དེ་དག

ཉོབ་ནས་གཉིད་ལ་ཤོར་སོང་བ་ཏག་ཏག་

བདེན་ལས་ཆེ།

སྤྱི་ཚོགས་ཀྱི་ལངས་ཕྱོགས་དེ་ཡང་།

དམར་ཟས་གསོལ་མཁན་ལས་དྲང་གཞག་

ཤོད་མཁན་མེད་པས།

ང་དང་འདྲ་བར་དམར་ཟས་མེད་མཁན་དག་

གིས་མིག་ཆུ་ཤོར།

༼ བྲག་སྤྲེལ་ཚ། ༽