国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲོགས་པོ།

ཁ་པར་ཐེངས་ཤིག་གིས།

དུས་ཚོད་ནང་གི་བྱེའུ་ཤི་བར་བྱེད།

ལོ་ཟླ་ཅི་ཙམ་ལ་དྲན་བཞིན་པའི་མིག་

མདངས་དག

གློ་བུར་མིག་བཙུམ་མ་ཐུབ་པའི་

སེམས་པ་ལས།

རྒྱང་ལ་ཡལ་ཟིན་པའི་དུད་ལོང་ཙམ་རེད།

སྙིང་པོ་ཅི་ཡང་མི་འདུག་སྟེ།

མིག་འཛུམ་པ།

བརྩེ་དུང་གིས་དུར་སྦས་བྱས་པ།

དུས་ཚོད་སྐད་ཅིག་མའི་ཤི་གསོན་ལས།

ཡེ་ནས་ནུབ་སྟེ་ཡེ་ནས་མེད་པར་གྱུར།

སྙིང་པོ་མེད་པར་བུད་སོང་བ་རྣམས།

གྲོགས་པོ་ཞེས་པའི་ཤི་ཕོ་ཞིག་ལས་ཅི།

༼ ཀླད་ཁུ། ༽