国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཞིས་མི་ལ་སྟབས་བདེ་བསྐྲུན་པའི་འབྲས་བུ་སྨིན།

2018ལོའི་སྤྱི་ཟླ10པར། ཞ་ཐེན་ཁྲེང་ཏུའུ་ཕི་ཏུའུ་ཆུས་ནས་རྟའུ་ལ་འོངས་ཏེ་བོད་སྐྱོར་ལས་བྱེད་པ་ཞིག་ཏུ་གྱུར་པ་རེད། ལོ་གཉིས་རིང་ལ་ཁོས་སྐུན་བུ་གྲོང་སྡེའི་ཆབ་ཁང་ལེགས་སྒྱུར་བྱ་རྒྱུ་དེ་སེམས་ནང་བཞག་པས་མ་ཚད། དེ་ནས་བཟུང་སྟབས་བདེ་སྐྲུན་རྒྱུ་འདི་རྒྱུན་སྲིང་བྱས་ཏེ་གཞིས་མི་ཚོ་ཡི་རང་བྱ་ཡུལ་དུ་གྱུར་ནས།

རྟའུ་ལ་སླེབས་ནས་ཡུན་རིང་མ་སོང་བའི་སྐབས་སུ།རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་ཁུར་ཚར་རུང་། གྲོང་ཁུལ་འཛུགས་སྐྲུན་དོ་དམ་དང་གྲོང་ཡུལ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ནུས་ལྡན་གྱིས་སྤེལ་བར་སྐུལ་འདེད་གཏང་དགོས་པར་བརྟེན། བཀོད་སྒྲིག་ལྟར་ཞ་ཐེན་རྟའུ་རྫོང་མ་ཟུར་ཡུལ་ཤོག་སྐུན་བུ་གྲོང་སྡེའི་ནང་ཧྲུའུ་ཅི་དང་པོའི་འགན་ཁུར་སར་བཏང་བ་རེད། སྐུན་བུ་གྲོང་རྡལ་ནི་རྟའུ་རྫོང་གི་གྲོང་ཁུལ་དང་སྤྱི་ལེ་གཅིག་ཙམ་ལས་མི་རྒྱང་བར་མ་ཟད། རྒྱལ་སྲུང་གཞུང་ལམ350པ་བརྒྱུད་ཡུལ་དུ་ཆགས་ཡོད་པས་གནས་ས་དང་འགྲིམ་འགྲུལ་གྱི་དགེ་མཚན་མངོན་གསལ་དོད་པོ་ཡིན་པ་རེད།

དེར་བརྟེན། སྐུན་བུ་གྲོང་སྡེ་འཕེལ་རྒྱས་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་རྒྱུ་འདི་ཞ་ཐེན་གྱིས་བསམ་གཞིག་གཏོང་ཡུལ་དུ་གྱུར་པ་རེད།རྒྱུན་ཆད་མེད་པར་གྲོང་སྡེའི་ནང་ཁྱིམ་ཚང་རེ་རེ་བཞིན་དུ་དྲིས་རྟོགས་རྒྱུས་ལོན་བྱས་མཐར། ཞ་ཐེན་གྱིས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་མཁན་གྱི“ནད་གཞི”གཙོ་བོ་དེ་རྙེད་པ་རེད། ཐབས་ཆགས་པའི་ཆུ་མེད་ཆབ་ཁང་དང་སྐྱུར་བྲོ་བའི་གཅིན་སྐྱག་དྲི་ངན་ཁྱབ་པའི་ཁོར་ཡུག་གིས་ཡུལ་སྐོར་འགྲུལ་པ་ཚོས་གྲོང་སྡེའི་མཛེས་ལྗོངས་ཉམས་སུ་མྱོང་ནས་བསྡད་མི་འདོད་པར་བྱེད་དུ་བཅུག་མཐར། གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་པ་ནི་སྨོས་མ་དགོས་པ་རེད།

དུས་དེ་ནས་བཟུང་ཞ་ཐེན་གྱིས་ཁོ་མངག་གཏོང་བྱེད་མཁན་ལས་ཁུངས་ཀྱི་ཁྱད་འཕགས་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཆུ་རྒྱུན་ཞིབ་འཇུག་ཚོགས་པའི་ཆེད་རམས་པ་དང་འབྲེལ་གཏུག་མཐུན་སྦྱོར་བྱས་པས་མ་ཚད། ལག་རྩལ་མི་སྣ་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་གདན་འདྲེན་ཞུས་པ་རེད། དཀའ་སྤྱད་འབད་འཐབ་བྱས་པར་བརྒྱུད། ལག་རྩལ་མི་སྣ་ཚོས་ཁོ་ལ་སྐྱེ་ཁམས་གསང་སྤྱོད་ཁང་གསར་སྐྲུན་ལེགས་སྒྱུར་བྱེད་སྟངས་ཀྱི་ཇུས་འགོད་བཏོན་པ་རེད།

ཞ་ཐེན་གྱིས་སྣེ་ཁྲིད་བྱས་འོག སྐུན་བུ་གྲོང་སྡེའི་གྲོང་སྡེ་ཡོངས་ཀྱི་དུད་ཚང43གྱི་སྐྱེ་ཁམས་ཆབ་ཁང་ཚང་མ་ལེགས་སྒྱུར་བྱས་མཇུག་བསྒྲིལ་པར་བརྟེན། མི་སེར་ཚོ་ཆབ་ཁང་ནང་འགྲོ་སྐབས་ཁོར་ཡུག་བཙོག་པ་དང་དྲི་ངན་བཅིལ་བ། གཙང་སྦྲ་མིན་པ་སོགས་ཀྱི་གནས་ཚུལ་ནི་ལོ་རྒྱུས་སུ་གྱུར་པ་རེད། སྐྱེ་ཁམས་ཆབ་ཁང་སྐྲུན་སྟངས་འདི་སྐུན་བུ་གྲོང་སྡེའི་མིང་བྱང་དུ་གྱུར་ནས་སྔོན་རྗེས་སུ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དམངས་ཆེན་ཐོན་ཁུངས་ཁོར་ཡུག་ཨུ་ལྷན། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིང་གིས་ཁས་ལས་གང་ལེགས་བྱས་པ་རེད། །

(ཡེ་མགོན་གྱིས་བསྒྱུར། )