国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་ལྷོ་རྒྱུད་ཡུག་སྦྲེལ་གྱི་རྩི་ཤིང་གསབ་འཛུགས་ལྗང་གསོའི་རྟེན་གཞི་ཐོག་མ་དེ་བཙུགས་པ།

ཉེ་ཆར། རང་ཁུལ་ལྷོ་རྒྱུད་ཡུག་སྦྲེལ་གྱི་རྩི་ཤིང་གསབ་འཛུགས་ཀྱི་ལྗང་མདོག་སླར་གསོའི་རྟེན་གཞི་ཐོག་མ་དེ་ལི་ཐང་རྫོང་འཛོམ་པ་ཡུལ་ཤོག་ཧི་མ་ལ་ཡའི་རྩི་ཤིང་གླིང་ཁུལ་དུ་སྒོ་བྱང་བཀལ་བ་རེད། རྟེན་གཞི་དེ་ནི་ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་། ཁུལ་ནགས་ཚལ་རྩྭ་ཐང་ཅུས། ལི་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྣེ་ཁྲིད་དེ་བཙུགས་པ་ཞིག་རེད། ཁོར་ཡུག་གི་སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་སློབ་གསོ་གཞི་གཅིག་ཏུ་འདུས་པར་བརྟེན། ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་མཚོ་བོད་ས་མཐོའི་རྩི་ཤིང་གི་གཞི་རྒྱུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཧི་མ་ལ་ཡའི་རྩི་ཤིང་གླིང་ཁུལ་རྒྱ་ཁྱོན་མུའུ318.23ཡོད་ཅིང་། མ་དངུལ་སྒོར་ཁྲི630ལྷག་ཙམ་བཏང་ནས་ལས་གཞི་སྤྱི་ཡོངས་ཀྱི་བཀོད་པ་ནི་དཀྱིལ་འཁོར་ལྟ་བུ་ཆགས་ཡོད་པ་རེད། “ལྟེ་གནས་གཅིག་དང་གཙོ་གནད་གཅིག རྒྱུད་གཉིས། གླིང་ཁུལ་བཞི”བཅས་བགོས་ཡོད་པ་རེད། མིག་སྔར་མིས་བཟོས་མཚེའུ(འདམ་ར)མུའུ7.5ཆགས་ཡོད། མཐོ་སྒང་གི་ཁྱད་ཆོས་ཀྱི་ཤིང་སྣ་འཛུགས་ཁུལ་དང་ཁྱད་ཆོས་ཤིང་སྣ་གསོ་སྐྱོང་གླིང་ཁུལ་མུའུ125.5ལེགས་གྲུབ་བྱུང་བའི་དུས་མཚུངས་སུ། ཁྱད་ཆོས་ཀྱི་མེ་ཏོག་དང་མཐོ་སྒང་གི་ཁྱད་ཆོས་ཀྱི་རྒྱ་བོད་སྨན་རྩྭ་མུའུ80ལྷག་ཙམ་འཕེལ་རྒྱས་བཏང་ཡོད། མཐོ་སྒང་གི་སྦྱར་ཤིང་དང་། མཐོ་སྒང་གི་སྟག་མ། གསོམ་སྡོང་་ལ་སོགས་པའི་ཤིང་སྡོང་སྣ་ཁ31གི་ཤིང་སྡོང་ཁྱོན་བསྡོམས་ཁྲི3.5ལྷག་ཙམ་བཙུགས་ཡོད་པ་རེད།

རྩི་ཤིང་གསབ་འཛུགས་ལྗང་གསོའི་རྟེན་གཞི་ནི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་། དོ་དམ། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། སླར་གསོ་རང་བཞིན་བྱ་རྒྱུའི་འདུ་ཤེས་དེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་གྱོད་གཞི་སྒྲུབ་གཉེར་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་བཞག་ནས་སུས་གཏོར་བཤིག་བཏང་ན་དེས་ཉམས་གསོ་བྱ་རྒྱུའི་རྩ་དོན་དར་སྤེལ་ཧུར་ཐག་བཏང་ནས། རྡུང་རྡེག་དང་ཉམས་གསོ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྱོད་གཞི་གཅིག་སྒྲུབ་ན་ལྗང་མདོག་ཡུག་གཅིག་སླར་གསོ་བྱ་རྒྱུ་དང་། ཕྱོགས་གཅིག་གི་མང་ཚོགས་ལ་སློབ་གསོ་རྒྱག་པ་བཅས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས་ཅེས་རྫོང་ཨུའི་འགན་འཁུར་བས་དེ་ལྟར་བཤད་པ་རེད། (ཡེ་ཤེས་ཀྱིས་བསྒྱུར།)