སྤྱི་ཟླ7པའི་ཚེས13ཉིན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་དར་མདོ་ནས་འཚོགས་པ་རེད། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ལས་དོན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བརྒྱུད་བསྒྲགས་བྱས་ཤིང་། མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ཀྱི་གཙོ་གནད་ལས་ཀ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྐལ་བཟང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།
གྲོས་ཚོགས་ཐོག་བསྟན་དོན།“བརྟན་བརླིང་དྲུག”གི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་།“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུ་དཀའ་ཁག་ཆེ་བས། མི་རྣམས་ཀྱིས་ཕྱི་རོལ་ཡུལ་དང་མཐུན་ཞིང་དགེ་མཚན་གྱི་གནས་བབ་ལ་ལྟ་སྟངས་འཛིན་པར་ཁྲིད་སྟོན་ཇི་ལྟར་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ལས་དོན་ལ་རེ་འདུན་དེ་བས་ཆེན་པོ་བཏོན་པ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ལས་དོན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་དགོས། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། མི་གསར་པ་གསོ་སྐྱོང་དང་རིག་གནས་དར་སྤེལ། རྣམ་པ་སྟོན་པ་བཅས་ཀྱི་འགན་འཁྲི་འཁུར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། དབུལ་ཐར་འགག་སྒྲོལ་གནད་སྨིན་གྱི་དམག་འཐབ་བྱེད་པའི་རྣམ་པར་དམ་པོར་བཟུང་སྟེ། ཁུལ་བཙུགས་ནས་ལོ70འཁོར་བ་དང་ཏང་དབུ་བརྙེས་ནས་ལོ100འཁོར་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་སོགས་ཀྱི་དུས་ཚོད་མཚམས་ཚིགས་གལ་ཆེན་ལ་དམིགས་ཏེ། ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས་འགན་འཁྲི་སྔར་བས་སྲ་བརྟན་དུ་གཏོང་བ་དང་བྱེད་ཐབས་ཞིབ་ཕྲ་བཟོ་བ། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ལས་དོན་གྱི“གཅིག་ཅན་བཅུ”ཡི་གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་སྤེལ་དགོས།
(པར་ངོས་བཞི་པར་གཟིགས།)
