国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོགས་ཆུང་གིས2020ལོའི་ཚོགས་འདུ་ཐེངས་བཞི་པ་དང་མཐའ་འཁོབ་ཞིང་འབྲོག་ཁུལ་དུ་གཅིག་བསྡུས་ཀྱིས་སློབ་གཉེར་བྱ་རྒྱུའི་ཆེད་དོན་ཚོགས་འདུ་འཚོགས།

སྤྱི་ཟླ7པའིཚེས15ཉིན། ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས2020ལོའི་ཚོགས་འདུ་ཐེངས་བཞི་པ་དང་མཐའ་འཁོབ་ཞིང་འབྲོག་ཁུལ་དུ་གཅིག་བསྡུས་ཀྱིས་སློབ་གྲྭ་འཛུགས་གཉེར་བྱ་རྒྱུའི་ཆེད་དོན་ཚོགས་འདུ་དར་མདོ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་བྲག་འགོ་རྫོང་གིས2019ལོར་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས་པའི་རྒྱལ་ཁབ་ཀྱི་དཔེ་འཐེན་ཞིབ་བཤེར་ལ་དང་ལེན་བྱས་ཚུལ་དང2020ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་དོན་བསྒྲུབས་ཚུལ་བརྡ་ཁྱབ་བཏང་བ་རེད། ཁུལ་ཡོངས་ཀྱི་མཐའ་འཁོབ་ཞིང་འབྲོག་ཁུལ་དུ་གཅིག་བསྡུས་ཀྱིས་སློབ་གྲྭ་འཛུགས་གཉེར་བྱས་པར་སྐུལ་འདེད་གཏོང་བའི་གནས་ཚུལ་དང་དབུལ་ཐར་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་གྱི་སྔོན་འགྲོའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་འཇོག་བྱས་པ་དང་ཆབས་ཅིག ཕྱིན་ཆད་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཚོགས་འདུར་ཞུགས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཕྱིན་ཆད་ཀྱི་ལས་ཀའི་ཁྲོད། གཅིག་ནས་བསམ་བློའི་ངོས་འཛིན་རྒྱུན་མཐུད་དུ་དམ་འཛིན་བྱ་དགོས་ཤིང་། ཆབ་སྲིད་ལ་དང་འདོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ཏེ་དབུལ་ཐར་འགག་སྒྲོལ་མཇུག་བསྡུ་བའི་དམག་འཐབ་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློའི་ཐོག་ཏང་ཀྲུང་དབྱང་དང་གཅིག་མཐུན་ཡོང་རྒྱུ་སྲུང་འཛིན་བྱས་ཏེ། སྒྱིད་ལུག་མི་བྱེད་པ་དང་། ལྷོད་གཡེང་མི་བྱེད་པ། དམག་འཐབ་ལ་སུན་སྣང་མེད་པ་བཅས་ཀྱི་བསམ་བློའི་འཛིན་ཕྱོགས་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་བཅས་ཀྱི་ཐོག་ནས་དབུལ་ཐར་འགག་སྒྲོལ་ལས་ཀ་མུ་མཐུད་ནས་ཡག་མོ་བསྒྲུབ་དགོས། གཉིས་ནས་རྒྱལ་ཁ་ཕུ་ཐག་ཆོད་པའི་རྣམ་པ་རྒྱུན་མཐུད་དུ་སྲུང་འཛིན་བྱས་ནས་ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་དབུལ་ཐར་དམག་འཐབ་རྒྱག་པ། དམིགས་ཡུལ་ལས་འགན་ཞིབ་ཕྲ་བཟོ་བ། ཐོན་ལས་ལས་ཞུགས་དང་དབུལ་སྐྱོར་ལས་གཞི་ལག་བསྟར་བཅས་རྒྱུན་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ“དུད་ཚང564ཡི་མི་འབོར་དབུལ་པོ2191”ཇེ་མགྱོགས་སུ་དབུལ་ཐར་ཚད་ལོན་བྱུང་བར་སྐུལ་འདེད་གཏོང་བ་དང་། ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང་བཞིའི་འབྲེལ་མཚམས་ས་ཁུལ་གྱི་ཤིན་ཏུ་དབུལ་ཕོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ24ཚང་མར་དབུལ་ཕོངས་མེད་པ་བྱ་དགོས། གསུམ་ནས་དབུལ་ཕོངས་སྔོན་འགོག་དང་ཡང་བསྐྱར་དབུལ་ཕོངས་གྱུར་པ་སྔོན་འགོག་བྱེད་ཡས་ཀྱི་དྲ་བ་བཟོས་ནས 《དབུལ་ཐར་གྲུབ་འབྲས་སྲ་བརྟན་བཏང་ནས་དབུལ་པོ་ཆགས་པ་དང་ཡང་བསྐྱར་དབུལ་པོ་གྱུར་པར་སྔོན་འགོག་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དོན་འཁྱོལ་ཡག་པོ་བྱེད་པ་དང་། 《དཀར་མཛེས་ཁུལ་གྱི་དབུལ་པོ་ཆགས་པ་དང་ཡང་བསྐྱར་དབུལ་པོ་གྱུར་པར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བེད་སྤྱོད་ཡག་པོ་བྱེད་པ། གནོད་སྐྱོན་ཐེབས་ནས་ཡང་བསྐྱར་དབུལ་པོར་གྱུར་པའི་མི་ཚོགས་གཙོ་གནད་དུ་བཞག་ནས་མ་དངུལ་དང་སྲིད་ཇུས། སྟོབས་ཤུགས་བཅས་གཅིག་བསྡུས་བྱས་ཀྱིས་གནད་དོན་ཐག་གཅོད་བྱས་ཏེ། “འགན་སྲུང་མཐའ་གཅིག་ཏུ”བྱེད་ཐུབ་པ་དང་ཐབས་བརྒྱ་ཇུས་སྟོང་གིས་བརྟན་བརླིང་དང་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱ་དགོས། (པར་ངོས་བཞི་པར་གཟིགས།)