ཁྱོད་ཚོ་ནི་ཞོགས་པའི་བྱ་ཕོ་རེ་རེ་ཡིན་འོས།
ཁྱོད་ཚོ་ནི་ཞོགས་པའི་བྱ་མོ་རེ་རེ་ཡིན་འོས།
རང་སེམས་རྣལ་དུ་ཕབ་ནས་སྐད་ཆ་རེ་
བཤད་ན།
ཁྱོད་ཚོ་ལ་གྲགས་འགུལ་ཅི་ཡང་མེད་པའི་
ཚོར་སྣང་རེ་སྐྱེ་ཡོང་།
རྒྱུ་མཚན་དེ་དག་གི་དབང་གིས།
ང་ལ་དངོས་གནས་སེམས་ཁྲལ་ཆེན་པོ་ཞིག་
གི་ཕུང་གཟུགས་གྲུབ་ཡོད།
དོ་ནུབ། མིག་གི་མཐའ་ནས་ཟགས་པའི་
ཆུ་ཐིག་རེ་རེ་ནི།
ཡུན་རིང་དུ་བསྙལ་བའི་དྭངས་གཙང་གི་
ནས་ཆང་ཡིན་ཨང་།
ཁྱོད་ཀྱིས་ཆང་འདི་གཙང་བཞེས་གནང་རོགས།
ང་ཡི་ནང་སེམས་ཀྱི་རི་མོ་ཆང་དམ་ངོས་སུ་
བྲིས་ཡོད།
ཚེ་རབས་འདི་ལ་ང་གཉིས་འཕྲད་ཡུན་ཧ་
ཅང་ཐུང་དོན།
ང་ཚོ་ལ་ཡོད་པའི་དུས་ཚོད་ཧ་ཅང་ཉུང་སྟེ།
དཔེར་ན་ངས་ཁྱོད་ལ་སྨོན་པ་རྒྱག་ཁོམ་
ལས་མེད་པ་རེད།
༼ གཟུངས་མདོ། ༽
