(པར་ངོས་དང་པོར་མཐུད།)བཞི་ནས་བཅའ་ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུའི་གཞི་རྩ་བརྩི་སྲུང་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་གྱི་ལག་བསྟར་ཇུས་གཞི་དང་ལས་དོན་གྱི་ཞིབ་སྲོལ་ཁག་ལག་བསྟར་ནན་པོ་བྱ་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བརྟག་དཔྱད་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་དབང་གྲགས་དང་གནད་འཁེལ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་པར་མ་ཟད། སྔ་སྣུར་ནས་ཐག་གཅོད་བྱེད་སྟངས་ཀྱི་སྔོན་ཚོད་ཇུས་འགོད་བཟོས་ཏེ་ཉེན་མེད་ངང་ཡོངས་བཤེར་དང་ཡོངས་ཁྱབ་ཞིབ་བཤེར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས། ལྔ་ནས་གནད་དོན་བུད་སའི་རྩ་བ་མེད་པ་བཟོས་ཏེ་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་གནད་དོན་དག་ཐེར་ཡོ་བསྲང་གི་ལས་ཀ་ཡག་མོ་བསྒྲུབས་ཏེ་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་རྔ་མ་མི་འཇོག་པའི་འགན་ལེན་བྱ་དགོས། དྲུག་ནས་མང་ཚོགས་ཀྱི་ཁས་ལེན་བྱེད་ཐབས་དོན་འཁྱོལ་བྱས་ནས་གཞི་རིམ་གྱི་ལག་བསྟར་འགན་འཁྲི་ནན་དུ་གཏང་དགོས། ཡུལ་ཤོག་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་གྲོང་སྡེ་དབུལ་ཕོངས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་དཔུང་སྡེ་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ་དང་། ཧྲུའུ་ཅི་དང་པོ་དང་གྲོང་ཚོའི་བཅའ་སྡོད་རོགས་སྐྱོར་ལས་བྱེད་པར་དོ་དམ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། གྲོང་ཚོའི་བཅའ་སྡོད་ལས་སྒྲུབ་རུ་ཁག་ལ་མུ་མཐུད་ནས་རྐང་འཛིན་སྟོབས་ཤུགས་ཀྱི་འགན་འཁྲི་འཁུར་དུ་འཇུག་དགོས། གཙོ་གནད་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་དང་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཁས་ལེན་པ་ཁག་ཐེག་བྱ་དགོས། རོགས་སྐྱོར་ལས་བྱེད་པའི་དཔུང་སྡེ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ། རོགས་སྐྱོར་ལས་བྱེད་པ་དང་དབུལ་ཕོངས་དུད་ཚང་བར་ལོ་མང་རིང་བསགས་པའི་བརྩེ་དུང་འཆང་བ་དེ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཕོངས་དུད་ཚང་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་གནད་སེལ་རོགས་བྱས་ནས་མང་ཚོགས་ཀྱི་བློར་བབ་པར་འགན་ལེན་ཏན་ཏིག་བྱ་དགོས། བདུན་ནས་དབུལ་ཕོངས་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རང་ཚུགས་རང་སྟོབས་དང་དབུལ་ཕོངས་ཀྱི་གནས་སུ་ལུས་པར་མོས་པ་མེད་པའི་བསམ་པའི་གཤིས་རྒྱུད་འཛུགས་སྐྱོང་དང་། སྙིང་སྟོབས་ཐོག་ནས་འབད་འབུངས་ཡར་བརྩོན་གྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་པ་དང་བསམ་བློའི་ཐོག་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བའི་རང་ངོས་ཀྱི་རེ་འདུན་སྐུལ་སློང་བྱ་དགོས། གསོ་སྐྱོང་ལས་གྲྭ་དང་“ཏང་གི་དྲིན་གཟོ། མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་ནན་སྲུང་། འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པ”ཡིས་བརྗོད་བྱ་གཙོ་བོ་བྱས་པའི་སློབ་གསོ་དམ་འཛིན་ཏན་ཏིག་བྱས་ནས་སྲོལ་བཟང་གསར་པ་གསོ་སྐྱོང་དང་འཛུགས་སྤེལ་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཉེ་འགྲམ་གྱི་དཔེ་མཚོན་དྲིལ་བསྒྲགས་བྱེད་པ། ཁྲིད་ཕྱོགས་ཡང་དག་འཛུགས་པ། དྲང་ནུས་གཅིག་ཏུ་སྒྲིལ་བ་བཅས་བྱ་དགོས། བརྒྱད་ནས་ཕན་འབྲས་དཔྱད་ཞིབ་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཏེ་དབུལ་སྐྱོར་གནད་སྨིན་དང་དབུལ་ཐར་གནད་སྨིན་མུ་མཐུད་ནས་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་། དམངས་འཚོའི་་ལས་གྲྭ་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་བཅས་ལ་བརྩིས་ནས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་རིམ་པ་རེ་རེ་བཞིན་འགན་འཁྲི་དཀྲིགས་ནས་རིམ་པ་ཁག་གི་བློ་གཅིག་སེམས་གཅིག་དང་ངར་ཤུགས་གཅིག་སྒྲིམ་ཀྱིས་དབུལ་ཐར་ལས་ཀ་ཁག་ཡག་མོ་བསྒྲུབ་དགོས། དགུ་ནས་གཅིག་བསྡུད་ཀྱིས་སློབ་གྲྭ་འཛུགས་གཉེར་གྱི་རྨང་གཞི་བརྟན་པོ་བྱས་ནས་“གྲོང་གསེབ་ནས་ཡུལ་གྲོང་དུ་གཅིག་བསྡུས་དང་། ཡུལ་གྲོང་ནས་ཡུག་སྦྲེལ་ས་ཁུལ་དུ་གཅིག་བསྡུས། ཡུག་སྦྲེལ་ཁུལ་ནས་རྫོང་གྲོང་དུ་གཅིག་བསྡུས་”བྱེད་པའི་བསམ་ཕྱོགས་ལྟར། སློབ་གྲྱ་གནས་ཡུལ་བཀོད་སྒྲིག་གཅིག་གྱུར་དང་ལོ་རིམ་བཀོད་སྒྲིག་གཅིག་གྱུར་འཆར་འགོད། ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་བཅས་བྱ་དགོས། ཞིང་འབྲོག་ཁུལ་གྱི་སློབ་མས་དེ་བས་དྲང་གཞག་དང་དེ་བས་སྤུས་ལེགས་ཀྱི་སློབ་གསོ་དང་ལེན་ཐུབ་པའི་འགན་ལེན་བྱས་ནས་ཁུལ་ཡོངས་ཀྱི་མཐའ་འཁོབ་ཞིང་འབྲོག་ཁུལ་གྱི་གཅིག་བསྡུས་ཀྱིས་སློབ་གྲྭ་འཛུགས་གཉེར་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་ཇེ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། བཅུ་ནས་སྤྱོད་ཚུལ་བཅོས་སྐྱོང་གི་རལ་གྲི་ཡག་པོ་སྤྱད་དེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དམིགས་བཅོས་སྐྱོང་དམ་འཛིན་ལེགས་པོ་བྱེད་པ་དང་། “དབུལ་ཐར་འགག་སྒྲོལ་གྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་འགན་སྲུང་ལོའི”བྱེད་སྒོ་ཟབ་མོ་སྤེལ་ཞིང་། དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་དོན་ཐོག་འཁྱོལ་མེད་པ་དང་བྱ་ཐབས་གནད་སྨིན་མེད་པ། སྤྱོད་ཚུལ་ཏན་ཏིག་མེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། སློབ་གསོའི་གདེང་འཇོག་བཅོས་བསྒྱུར་རྒྱུན་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་དེ་བས་ཆ་ཚང་བའི་ཡིག་རྒྱུགས་དང་དེ་བས་ཕྱོགས་བསྡུས་ཀྱི་གདེང་འཇོག དེ་བས་དྲང་གཞག་གི་འདེམས་སྒྲུག་བཅས་ཆགས་པ་བྱ་དགོས། བཅུ་གཅིག་ནས་འཐབ་ཇུས་སྒྱུར་བའི་ལམ་བུ་འཚོལ་ཞིབ་བྱས་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས་བརྟན་པོའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བཏང་ནས་དུས་ཡུན་རིང་ཐུང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས། “བལྟོས་མེད་དབུལ་ཕོངས་”དང་“བལྟོས་བཅས་དབུལ་ཕོངས་”ཀྱི་དབུལ་སྐྱོར་མཐུད་རྒྱུག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གྲོང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་བར་འབྲེལ་མཐུད་ཡང་དག་བྱ་དགོས། ཐོན་ལས་གསོ་སྐྱོང་དང་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྗེས་མཐུད་ལས་དོན་དམ་འཛིན་ཡག་པོ་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་པ་དང་བཅོས་བསྒྱུར་གྱི་གྲུབ་འབྲས་བེད་སྤྱོད་གང་ལེགས་ཏན་ཏིག་བྱས་ནས་ཞིང་འབྲོག་མང་ཚོགས་ལ་སྐྱིད་སྣང་དང་ཐོབ་སྣང་དེ་བས་མང་པོ་ཡོང་བར་བྱ་དགོས།།(ལྷ་འཛོམས་ཀྱིས་བསྒྱུར།)
(པར་ངོས་དང་པོར་མཐུད།)
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་འཐབ་ཕྱོགས་ཀྱིས་ངེས་པར་དུ་དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱ་དགོས། དྲ་ཐོག་དྲ་འོག་དང་ཕྱི་ནང་གཅིག་གྱུར་འཆར་འགོད་བྱས་ཏེ་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་དང་། དྲིལ་བསྒྲགས་ནང་དོན་ཕུན་སུམ་ཚོགས་པ། དྲིལ་བསྒྲགས་ལས་སྒོ་རྒྱ་སྐྱེད་གཏོང་བ་བཅས་བྱ་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱས་ཏེ་ཡིད་ཆེས་བརྟན་དུ་གཏོང་བ་དང་། དམངས་སེམས་གཅིག་ཏུ་སྒྲིལ་བ། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། སེམས་པ་གཅིག་མཐུན་ཡོང་བ་བཅས་བྱ་དགོས། ངེས་པར་དུ་ཇུས་འདོན་གནད་སྨིན་མཐའ་འཁྱོངས་བྱ་དགོས།“གཅིག་ཅན་བཅུ”ཡི་གཙོ་གནད་ལས་ཀར་སྐུལ་འདེད་གཏང་རྒྱུ་དེ་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། དྲིལ་བསྒྲགས་བྱེད་མཁན་གྱི་འཐབ་ནུས་ལ་གཅིག་བསྡུས་ཞིབ་བཤེར་ཞིག་ཀྱང་ཡིན། ཁུལ་ཨུས་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ལས་དོན་ལ་བཏོན་པའི་རེ་འདུན་ལ་གོ་བ་གཏིང་ཟབ་དང་འཆུག་མེད་ལེན་པའི་རྨང་གཞིའི་ཐོག“གནད་འཁེལ་དང་ཞིབ་ཚགས། བདེན་པ”བཅས་ཀྱི་ཐད་མུ་མཐུད་ནས་ཤུགས་བརྒྱབ་སྟེ་མི་འདང་སར་ཁ་གསབ་དང་། ཞན་ཆ་ལེགས་སུ་གཏོང་བ། ཕན་ནུས་ཐོན་པ་བཅས་བྱ་དགོས། ངེས་པར་དུ་འགན་འཁྲི་ནན་པོར་སྐྱོང་རྒྱུ་མཐའ་འཁྱོངས་བྱ་དགོས། འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ལས་ཀ་དམ་འཛིན་བྱེད་པ། ལས་ཀའི་བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ་སོགས་ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་བྱེད་ཐབས་སྤྱད་ནས།“གཅིག་ཅན་བཅུ”ཡི་གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དྲིལ་བསྒྲགས་ཁོངས་གཏོགས་ཀྱིས“དཔེ་བཟང་ལས་ཁུངས་འཛུགས་སྐྱོང་དང་དཔུང་སྡེ་རྩེ་གྲ་ཅན་འཛུགས་སྐྱོང་བྱེད་པ”ཡི་བྱེད་སྒོ་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང་། ལྕགས་ཟམ་དང་ལི་ཐང་། དཔལ་ཡུལ་བཅས་རྫོང་གསུམ་གྱིས་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་རེད།
ཚོགས་འདུ་འདི་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཏེ་རྫོང(གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་རེད། (མཁས་གྲུབ་ཀྱིས་བསྒྱུར།)
