国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚེ་ཡི་དད་རྟེན།

སྙིང་རྗེའི་སྤྲིན་དཀར་འཁྱིལ་བའི་ལྷ་ལམ་ཡངས་མོ།།

ལས་ཀྱི་པང་དུ་བཞད་པའི་ཤེལ་དཀར་ལྷུན་པོ།།

ང་ཡི་དད་རྟེན། དྲིན་ཅན་མ་ལོ།

ཚེ་ལ་གནང་བའི་གཡུ་ཆུང་།

ལས་ལ་ཕུལ་བའི་གའུ།

བྱམས་བརྩེའི་དྲི་བསུང་འཁྱིལ་བའི་ཀུན་བཟོད་ཡངས་མོ།།

ཚེ་ཡི་ཕྲེང་བར་བརྒྱུས་པའི་མུ་ཏིག་དཀར་པོ།།

ང་ཡི་དད་རྟེན། དྲིན་ཅན་མ་ལོ།

ཚེ་ལ་གནང་བའི་གཡུ་ཆུང་།

ལས་ལ་ཕུལ་བའི་གའུ།

བསོད་ནམས་ལས་ཀྱིས་ཐེག་པའི་ཉི་ཟླའི་ཆ་ཡ།།

སེམས་ཀྱི་རི་ལ་བཞད་པའི་ཨུ་དུམ་བཱ་ར།།

ང་ཡི་དད་རྟེན། དྲིན་ཅན་མ་ལོ།

ཚེ་ལ་གནང་བའི་གཡུ་ཆུང་།

ལས་ལ་ཕུལ་བའི་གའུ།

༼ བེ་མདའ། ༽