国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆང་ཁང་།

༼ ཞར་བཀོད་གསུམ།༽

དྲན་བྱུང་།

རྣམ་ཤེས་ད་དུང་ལྷག་འདུག

དོ་ནུབ་སྟོང་ཁམས་གསར་བ་ཞིག་གནས་

འདིར་ཐོན་འདུག

བུད་མེད་འགས།

མུ་མཐུད་དུ་ང་ལ་དགའ་ན་ཆོག་

གམ་ཟེར།

ང་ལ་འཛུམ་ན་ཆོག་གམ་ཟེར།

སྒྲ་དབྱངས་འདིའི་ངར་ཁ་ཅི་འདྲའི་

བཙན་ཨང་།

གློག་འོད་འདི་ང་ཡི་སྙིང་ཁར་བཀར་

ན་ཆོག་གམ།

རབ་རིབ་ཀྱི་མི་ཚོགས་འདི།

ལེ་དབར་མང་པོའི་ཕ་རོལ་ལ་སོང་དང་།

ལྷ་ཚོགས་ཀྱི་ཆུ་ཤེལ་དེ་ཟུངས་ལ་

སོང་དང་།

ལྷ་ཡུལ་ལྟ་བུའི་མི་མངོན་པའི་གནས་

ལ་སོང་དང་།

སྒྲ་དབྱངས་འདིར་ང་གཅིག་པུས་ཉན་

ན་འདོད།

སྐབས་དེར།

གོ་ལ་གཅིག་པུ་ངའི་གམ་ནས་

འདུག་སྲིད།

ཁྱོད་ནི་ཆང་ཅོག་ཐོག་གི་སིལ་ཏོག་

འདི་དག་ཡིན།

འཕུར།

གངས་རིའི་སྲོག་རྩ།

རྩྭ་ཐང་གི་རྨི་ལམ།

ཕུག་རོན་དཀར་པོས་འོད་ཀྱི་གཤོག་པ།

ས་ཁམས་ཀྱི་རི་མོ།

འཕུར།

ཤོག་བུའི་སྟེང་གི་གཙང་བོ་བརྒལ།

རི་མོའི་ནང་གི་ཚོན་མདངས་ཁྱོགས།

ལོ་ཟླའི་མུན་པ།

སྐད་ཅིག་གི་སྣང་བ།

འཆར་སྒོ་དང་ལོ་རྒྱུས།

དཀར་འོད་འདེགས་པའི་རྒྱང་

འབོད་ཡིན།

འཇིག་རྟེན་ཆགས་པའི་སྔོན་འགྲོ་ཡིན།

རྨི་ལམ་དང་རླུང་།

མགོ་བོ་རྙོག་ཅིང་འཛིང་།

སེམས་པ་ཞེན་ལ་སྡུག

སུས་ཀྱང་དྲན་ངོས་ཀྱི་རེའུའི་མིག་ཏུ་

ཕབ་མེད་པ་ང་།

འགས་གཏོར་རྗེས་ཀྱི་གྲོང་རྡལ་ཞིག་ན།

རྨི་ལམ་ཉུལ་བཞིན།

རླུང་ནག་གི་ཁ་ལ་བསེད།

ནམ་མཁའི་དབྱངས་སུ་གཤོག་པ་

རྐྱོང་བཞིན།

དཀར་ནག་གི་འཇིག་རྟེན་འདི།

ལག་མཐིལ་དུ་མནན་པའི་བྱ་རྒོད་དེ།

ནམ་ཞིག་ལ་ཆོས་དབྱངས་སུ་ཐིམ་འགྲོ།

རླུང་ཡང་བསྐྱར་ཤེད་ཀྱིས་གཟན་དུས།

མེ་ཏོག་གི་མགོ་བོ་ལྡེམ་ལྡེམ་འགུལ།

ང་སྔར་བཞིན་རླུང་ཁ་ལ་བསེད་ཀྱིན།

ནམ་ཞིག་ལ་ས་རུ་འགྱེལ་འགྲོ།

སེམས་པ་འདིར།

བདག་པོ་མེད་པར།

ཡང་བསྐྱར་རྨི་ལམ་ཉུལ་སོང་།

དྲན་པའི་འཚོ་བ།

གླུ་དང་གར་གྱི་འགྲམ་ནས།

རྣམ་ཤེས་ཀྱི་ཤ་ཁྲག་མཆོད་པར་

བརྒྱུས་ནས།

སེམས་པ་འདི་ཡང་རོལ་མོར་

བརྒྱུས་ནས།

ང་འཁྱམས་སོང་བ་བདེན་པ་ཡིན།

ལྕགས་ཀྱིས་བཏེགས་པའི་ཡུལ་

ལྗོངས་ཤིག

ཡང་བསྐྱར་གསལ་འོད་དེ་ནས་

མཐོང་དུས།

མིག་ཆུ་འགའ་ཞིག

ཡིད་ཀྱི་འགུལ་སྐྱོད་ལ་བསླད་པའི་

ཤ་གསེབ་ནས་ཡང་བསྐྱར་ཤོར་སོང་།

རོལ་མོར་འཁྱུད་པའི་སེམས་པ་དེས།

སྐད་ཀྱི་གདངས་དེ་གནད་ཀྱིས་

དཀྲོལ་བཞིན།

རི་ཡི་ཤོད་ནས་རྨི་ལམ་ཉུལ་དུས།

ལོང་བའི་གོམས་འགྲོས་དེ་ཡང་

སྔར་བཞིན་འཁྱམ་སོང་།

༼ སྒོ་རང་གྲོལ། ༽