ཨ་མར་ཕུལ་པའི་ཀ་ལའི་ཕྲེང་། །
ཨ་མའི་ཐུགས་ཀྱི་ཁ་ཆེམས་ཡིན། །
ཧ་ལོ་འདྲ་བའི་ག་ཁྲལ་རིགས། །
ཧ་ཧོན་བར་ནས་ང་ལ་གནང་། །
ས་ཆ་གང་གི་ཅ་རིལ་བོ། །
ཤ་ཉེ་བཞིན་དུ་ཆ་ན་བཟང་། །
ལ་ལུང་གང་དུ་ཇ་ཆང་སོགས། །
ར་ལུག་འདྲེས་མའི་ཉ་ཤ་མང་། །
ཡ་ཡོ་མེད་པའི་ཏ་ཀུ་ཡིས། །
འ་འུར་ཟེད་ལོང་ཐ་མག་དང་། །
ཟ་ཧོར་ལ་སོགས་ད་ལྟའི་རྒྱུད། །
ཞྭ་སེར་བསྟན་ལ་ན་ཡང་མཆི། །
ཝ་ཁའི་ཆུ་མོ་པ་སངས་ལྟར། །
ཛ་ལང་སྤྱོད་པ་ཕ་ལྟར་བཟང་། །
ཚ་བའི་དུས་ཀྱི་བ་མོ་ཡང་། །
ཙ་ཙིག་མིན་པར་མ་ལྟར་བྱམས། །
མ་ལུས་འགྲོ་བས་ཙ་རི་སྐོར། །
བ་མོའི་འོ་མས་ཚ་འཇོམས་ཤིང་། །
ཕ་མའི་སེམས་པ་ཛ་དྲག་རུང་། །
པ་ཆར་གོས་ཀྱི་ཝ་ཁུར་ཡོད། །
ན་མོ་ཨ་མར་ཞྭ་བཞིན་བཀུར། །
ད་རེས་རྨི་ལམ་ཟ་ཟི་ཡང་། །
ཐ་མའི་ལུས་ཀྱི་འ་ཅག་ལ། །
ཏ་ཀུའི་ལག་རྟེན་ཡ་རབས་ཡིན། །
ཉ་མོ་འཁྱུག་པའི་ར་བ་ལ། །
ཇ་གསོལ་ཧེབ་ཀྱི་ལ་མོར་རྒྱུག །
ཆ་ཞིང་མཐུན་པའི་ཤ་ཚའི་གཏམ། །
ཅ་ཅོ་མིན་པར་ས་སྟེང་སྒྲོག །
ང་ཡི་སེམས་ཀྱི་ཧ་ལས་པ། །
ག་ནས་བལྟས་ཀྱང་ཨ་མ་ཡིན། །
ཁ་བའི་སེམས་འདི་ཧ་གོ་བ། །
ཀ་མ་ལ་ཡི་ཨ་མ་འོ། །
༼ ཙ་སུར་སྦྱིན་པ། ༽
