国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






pearl ཁྱོད་ཀྱི་སྐྱེས་སྐར།

མཚན་མོའི་རྨི་ལམ་ནང་དུ་བྱིས་པ་ཞིག་གི་རྩེད་ཆས་

ཡར་སྒྲུག

ཟླ་འོད་དང་སྐར་ཚོགས་མེད་ནའང་

ཁ་པར་གྱི་འཆར་ངོས་སུ་ཁྱོད་ཀྱི་འདྲ་པར་གཙང་མ་སྦྱར།

ཕྱི་དྲོ་ཆར་བ་ཤག་ཤག་བབས་རྗེས།

ཉི་མ་རེ་རེ་བཞིན་ཕ་མ་གཉིས་ཀྱི་ལོ་ཟླའི་རི་མོ་ཡིད་ལ་

དྲན་བྱུང་།

དེས་ངོས་སུ་ཁྱོད་ཀྱི་དྲན་པ་བྲིས་ཡོད།

ནམ་ཞིག ཅོག་ཙེའི་སྒང་ལ་དཔེ་ཆ་བཞག

སྙན་ངག་ཀློག་མཁན་གྱི་བུ་མོ།

ཕྱིར་དྲན་གྱི་འཛུམ་དཀར་ནི་མེ་ལོང་བཞིན་ཡིད་སྣང་

འཆར་གྱིན་འདུག

༼ དུར་མིག ༽