国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རེ་འདོད་སེམས་ཀྱི་འབོད་སྐུལ།

ཁ་རྒྱན་ཚིག་གསུམ་མིན་པར།།

གོམ་གསུམ་ལག་ལེན་གྱིས་ཤིག།

སྒྱིད་ལུད་སྔུར་འཐེན་མིན་པར།།

དཀའ་སྡུག་ལུས་ཀྱིས་མྱོངས་ཤིག།

མདོ་མེད་སྤྱོད་པ་མིན་པར།།

དོན་ལྡན་ལས་ལ་བརྩོན་ཞིག།

ཕྱི་ཚུལ་སྦྱོང་བརྩོན་མིན་པར།།

ནང་དུ་ཉམས་ལེན་གྱིས་ཤིག།

གྱང་ཁའི་རྩྭ་ལྡོམ་མིན་པར།།

རང་གཤིས་མདའ་བཞིན་འཁྱོངས་ཤིག།

དྲན་པ་སེམས་སུ་མིན་པར།།

སྙིང་གཏམ་ཚིག་གསུམ་ཤོད་ཅིག།

རྩམ་པ་མཚོན་བྱེད་མིན་པར།།

ནམ་རྒྱུན་ལོངས་སྤྱོད་བྱོས་ཤིག།

གཙུག་གཡུ་རྒྱན་ཙམ་མིན་པར།།

འགྱུར་མེད་དམ་ཚིག་སོམས་ཤིག།

དབྱངས་གསལ་ཤུལ་རིས་མིན་པར།།

དོན་དང་ལྡན་པར་གྱིས་ཤིག།

གངས་རི་གངས་ཙམ་མིན་པར།།

མེས་པོའི་རྣམ་དག་སྒོམས་ཤིག།

༼ པདྨ་ལྷ་མཛེས། ༽