国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






༄༅།།གདན་ལ་ལུང་གྲོང་སྡེའི་ནང“ངའི་ཁྱིམ་མི”ཡོད།

རྒྱ་རིགས་བོད་སྐྱོར་དགེ་རྒན་ཞིག་གིས་བོད་རིགས་ཁྱིམ་ཚང་བར་དུ་ཟུངས་ཁྲག་འདྲེས་པའི་གཏམ་རྒྱུད།

བུ་མོ་ལོག་དང་བུ་མོ་བདེ་ལྷ་མཚོས་སུན་ཁྲེན་དབྱང་སྐྱེལ་བཞིན་པའི་ཚུལ།

སུན་ཁྲེན་དབྱང་དང་བུ་མོ་ལོག་ཚང་གི་ཁྱིམ་མི་མཉམ་དུ་སྒྲོན་པའི་འདྲ་པར།

སུན་ཁྲེན་དབྱང་གིས་བྲག་མགོ་རྫོང་སློབ་འབྲིང་གི་བརྙན་ལམ་བརྒྱུད་གཏོང་འཛིན་གྲྭ་ལ་ཚོགས་འདུ་འཚོག་བཞིན་པ།

དགེ་རྒན་སུན་ཁྲེན་དབྱང་གིས་བདེ་ལྷ་མཚོ་དང་སློབ་སྦྱོང་གི་གནས་ཚུལ་འབྲེལ་འདྲིས་བྱེད་བཞིན་པ།

སུན་ཁྲེན་དབྱང་གིས་བྲག་མགོ་རྫོང་སློབ་འབྲིང་གི་བརྙན་ལམ་བརྒྱུད་གཏོང་འཛིན་གྲྭ་ལ་ཚོགས་འདུ་འཚོག་བཞིན་པ།

2020ལོའི་སྤྱི་ཟླ6པའི་ཚེས14ཉིན(གཟའ་ཉི་མ)གྱི་སྔ་དྲོར། ཁྲེང་ཏུའུ་ཅིན་ཅང་ཆུས་ཀྱི་བོད་སྐྱོར་ལས་བྱེད་པའི་རོགས་སྐྱོར་དགེ་རྒན་སུན་ཁྲེན་དབྱང་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་ཤིས་མདོ་གྲོང་རྡལ་གདན་ལ་ལུང་གྲོང་སྡེའི་བོད་རིགས་སྤུན་ཟླ་བུ་མོ་ལོག་གིས་བསྐུར་ཡོང་བའི་འཕྲིན་ཕྲན་ཞིག་འབྱོར་ཞིང་། དེ་ནི་མོ་ཡིས་ལྷག་བསམ་རྣམ་དག་གིས་སི་ཁྲོན་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གི་བོད་སྐྱོར་རོགས་སྐྱོར་དགེ་རྒན་སུན་ཁྲེན་དབྱང་མོའི་ཁྱིམ་དུ་མགྲོན་པོར་གདན་འདྲེན་ཞུས་པ་རེད།

ཁྲོམ་ལམ་རྙིང་པ་ནི་བྲག་མགོ་རྫོང་གྲོང་ཁུལ་གྱི་ས་མིང་ཞིག་ཡིན་ཞིང་། གདན་ལ་ལུང་གྲོང་སྡེ་ནི་བྲག་མགོ་རྫོང་གྲོང་ཁུལ་དང་སྤྱི་ལེ3ཙམ་རྒྱང་བའི་རི་སྡེབས་སུ་ཆགས་ཡོད་པ་རེད།

འཕྲིན་ཕྲན་འདི་མཐོང་མ་ཐག་སུན་ཁྲེན་དབྱང་སེམས་འགུལ་ཆེན་པོ་ཐེབས་ནས་ཁྲོམ་ལམ་རྙིང་པའི་ཕྱོགས་སུ་གོམ་ཁ་སྒྱུར། སུན་ཁྲེན་དབྱང་གིས་སེམས་ནང་ངེས་དོན་དུ་ཡོད་རྒྱུ་ནི་ན་ནིང་ལོའི་དགུན་ཁར་བྱུང་བའི་དོན་དག་ཅིག་ཡིན་པ་རེད།

གྲང་བའི་དགུན་གཞུང་དུ་ཟུངས་ཁྲག་ཕུལ་ནས་བོད་རིགས་ མ་སྨད་ཀྱི་ཚེ་སྲོག་སྐྱོབ།

སྤྱི་ཟླ11པའི་ཁྲོན་བོད་མཐོ་སྒང་ནི་གྲང་ངར་ཀྱིས་ཁེངས་པའི་དགུན་དགུན་གཞུང་དུ་འཁེལ་བ་རེད། 2019ལོའི་སྤྱི་ཟླ11པའི་ཚེས13ཉིན་གྱི་མཚན་མོའི་ཆུ་ཚོད9པའི་ཐོག སློབ་གྲྭའི་དགོང་ཚོགས་རང་སྦྱོང་གྲོལ་རྗེས། སུན་ཁྲེན་དབྱང་དུས་རྒྱུན་ནང་བཞིན་བྲག་མགོ་སློབ་འབྲིང་ནས་རི་ངོས་ཀྱི་ལམ་འཕྲང་དེད་ནས་རང་ཉིད་སྡོད་གནས་སུ་སླེབས་ཏེ་དགོང་ཟས་བཟའ་རྒྱུའི་གྲ་སྒྲིག་པའི་དུས་མཚུངས་སུ། སུན་ཁྲེང་དབྱང་གིས་ལག་འཁྱེར་ཁ་པར་ནང་ཁྱིམ་མི་དང་གྲོགས་པོ་ཚོའི་འཕྲིན་ཕྲན་བཏང་ཡོད་མིན་བལྟས་པའི་སྐབས་སུ། སུན་ཁྲེན་དབྱང་གིས་རོགས་སྐྱོར་བྱེད་བཞིན་པའི་སློབ་མའི་ཁྱིམ་བདག་གི་འཕྲིན་ཕྲན་ཚོགས་པའི་ནང“ཤིན་ཏུ་བྲེལ་ཚབས་ཆེ། བྲག་མགོ་རྫོང་མི་དམངས་སྨན་ཁང་གི་སྦྲུམ་མ་ཞིག་ལAཁྲག་རིགས་བརྒྱག་རྒྱུའི་དགོས་གཏུག་ཆེན་པོ་འདུག ཚང་མས་གཅེས་སེམས་འབུལ་རྒྱུའི་རེ་བ་ཡོད། ཐུགས་རྗེ་ཆེན”ཞེས་པའི་འཕྲིན་ཕྲན་འདི་མཐོང་བ་རེད། སུན་ཁྲེན་དབྱངAཁྲག་རིགས་ཡིན་པས་གནས་ཚུལ་འདི་མཐོང་མ་ཐག ཁོས་མགྱོགས་མྱུར་དུ་གོས་གྱོན་ནས་གྲང་ངར་ཆེ་བའི་གནམ་གཤིས་ལ་མི་འཛེམས་པར་བྲག་མགོ་རྫོང་སྨན་ཁང་དུ་བསྐྱོད་པ་རེད།

ལམ་བར་དུ་སུན་ཁྲེན་དབྱང་གི་སེམས་ཧ་ཅང་འཚབ། དེ་མ་ཐག་ཏུ་ཁོའི་སློབ་མ་བློ་བཟང་དཔལ་ལྡན་གྱི་ཨ་མ་དང་གདན་ལ་ལུང་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཆུའུ་མར་ལ་འབྲེལ་བ་བྱས་ནས་མགྱོགས་མྱུར་དུ་ནད་པ་དང་འབྲེལ་བ་བྱེད་ཐབས་བཟོས་པ་རེད།

སུན་ཁྲེན་དབྱང་བྲག་མགོ་རྫོང་སྨན་ཁང་དུ་འབྱོར་རྗེས། མགྱོགས་མྱུར་དུ་ནད་པའི་སྡོད་ཁང་གི་ཐོག་བརྩེགས་སུ་ཕྱིན་ནས་ལས་རེས་སྨན་པ་ཀྲའོ་ཐིང་དང་འབྲེལ་གཏུག་བྱས་ནས་ནད་པའི་ཁྱིམ་མི་དང་མཉམ་དུ་སྨན་ཁང་གི་རྫས་འགྱུར་བརྟག་ཞིབ་ཁང་དུ་བརྟག་ཞིབ་བྱས་མཐར། སྨན་ཁང་གི་མགོ་འཛིན་ལྷ་དབང་གིས་དགེ་རྒན་སུན་ལགས། ཆུའུ་མར་གྱིས་ང་ལ་ཁ་པར་གཏོང་བྱུང་། ཁྱེད་ངོ་མ་དུས་ཐོག་ཏུ་སླེབས་ཟིན། གལ་སྲིད་ཁྲག་འབུལ་མཁན་མེད་ན། ནད་པའི་མཇུག་འབྲས་ནི་ལྟ་གདེང་ཁུངས་ཡོད་ལེ་མ་རེད་ཅེས་བཤད། བློ་མཐུན་ནད་གཡོག་སྨན་པ། མགྱོགས་པ་ང་ལ་ཁྲག་འཐེན་རོགས། གལ་སྲིད་འགྲིག་ན་ངས་ཁྲག་མང་ཙམ་འབུལ་རྒྱུ་ཡིན་ཞེས་སུན་ཁྲེན་དབྱང་གིས་ཆོད་སེམས་ཡོད་པའི་སྐད་ཆ་འདི་བཤད་པ་རེད།

སྨན་པ་མཁས་པོས་སུན་ཁྲེན་དབྱང་ཟ་མ་ཅུང་ཟད་བཟའ། མཐོ་སྒང་དུ་ཁྲག་ཕུད་ན་ཉེན་ཁ་ཆེན་པོ་ཡོད་རེད་ཅེས་དྲན་གསོའི་ཚུལ་དུ་དེ་ལྟར་བཤད་པ་རེད། རྫས་འགྱུར་བརྟག་ཞིབ་ཀྱི་མཇུག་འབྲས་ཚད་དང་མཐུན་པ་ཤེས་རྗེས། སུན་ཁྲེན་དབྱང་སྨན་ཁང་གི་མགོ་འཛིན་པ་ལྷ་དབང་དང་སྨན་པ་མཁས་པོ་དང་མཉམ་དུ་བྲག་མགོ་རྫོང་མི་དམངས་སྨན་ཁང་གི་ཁྲག་མཛོད་ལྟེ་གནས་སུ་ཕྱིན་ནས་ཁྲག་ཕུད་མཐར། སུན་ཁྲེན་དབྱང་གི་ཟུངས་ཁྲག་སྦྲུམ་མ་བུ་མོ་ལོག་གི་ལུས་པོར་བཞུར་མགོ་ཚུགས་པ་རེད།

ཁྲག་ཕུད་ཚར་རྗེས། སུན་ཁྲེན་དབྱང་གིས་ལས་རེས་སྨན་པར“ཁྱེད་ཀྱིས་ངའི་ཁ་པར་ཨ་གྲངས་འདི་འཇོག་རོགས་གྱིས། གལ་སྲིད་ནད་པར་ད་རུང་ཁྲག་བརྒྱག་དགོས་ན། ང་ལ་ཁ་པར་གཏོང་དང་ང་མགྱོགས་མྱུར་དུ་སླེབས་འོང”ཞེས་བཤད། ནང་ལོགས་ས་ཁུལ་གྱི་མི་ཞིག་ཡིན་པའི་ཆ་ནས་བཤད་ན། ལ་དུག་ཕོད་པའི་ཚོར་སྣང་ཆེན་པོ་ཡོད་ངེས་རེད། ཟུངས་ཁྲག་ཕུད་རྗེས་ཚོར་སྣང་དེ་བས་ཆེན་པོ་ཡོད་པ་ནི་སྨོས་ཅི་དགོས། སུན་ཁྲེན་དབྱང་ཁྲག་ཕུད་ནས་ཡར་ལངས་པའི་སྐབས་སུ་རྣ་བའི་ནང་སིང་སྒྲ་ཞིག་གྲགས་ནས་དབྱང་རླངས་མི་འདང་བའི་མྱོང་ཚོར་ཞིག་ཤར་མོད། ཁོས་དཀའ་ངལ་ཁྱད་བསད་བྱས་ཏེ་སློབ་མའི་ཁྱིམ་བདག་ལ་ཉེན་མེད་བདེ་མོ་ཡིན་ཚུལ་ཞུས་པ་རེད།

ཕྱི་ཉིན་པའི་ཞོགས་པའི་ཆུ་ཚོད་བརྒྱད་ཡས་མས་སུ་སུན་ཁྲེན་དབྱང་རྫོང་སྨན་ཁང་དུ་འོངས་ནས་ནད་གཡོག་སྨན་པར་མ་བུ་གཉིས་ཀྱི་བདེ་ཐང་གནས་ཚུལ་གྲོས་དྲིས་བྱེད་སྐབས། འདང་དགོང་སུན་ཁྲེན་དབྱང་གིས་ཕུལ་བའི་ཟུངས་ཁྲག་འདི་སྦྲུམ་མར་བརྒྱབ་རྗེས། ཚེ་སྲོག་ཉེན་ཁ་ལས་ཐར་བས་མ་ཚད། དགའ་འོས་པ་ཞིག་ལ་བུ་མོ་ཞིག་བདེ་བླགས་ངང་ནས་བཙའ་བའི་འཕྲིན་བཟང་ཞིག་ཁོའི་རྣ་ལམ་དུ་ཐོས་པ་རེད།

སུན་ཁྲེན་དབྱང་གིས“བུ་མོ་ལོག་ལ་ངའི་ཟུངས་ཁྲག་འདི་ཁྱོད་ཀྱི་ཁྲག་རིགས་དང་འཕྲོད་པ་ནི་ངེད་གཉིས་ཀྱི་ལས་དབང་རེད། ངས་ཁྱོད་ལ་ངའི་ཁ་པར་ཨང་གྲངས་དང་འཕྲིན་ཕྲན་ཨང་གྲངས་བཞག་ལེ་ཡིན། རྗེས་སུ་གལ་སྲིད་ཁྲག་བརྒྱག་དགོས་བྱུང་བ་དང་འཚོ་བའི་ནང་དཀའ་ངལ་ཅི་ཞིག་ཡོད་ན། ང་ལ་ཁ་པར་གཏོང་དང་། ངས་རོགས་རམ་བྱེད་ཐག་ཆོད་ཡིན”ཞེས་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་འདི་བཤད་པ་རེད།

དཀའ་སྡུག་ལས་དང་འཕྲད་ནས་ལས་འབྲས་སྨིན་རྗེས། སུན་ཁྲེན་དབྱང་དང་བུ་མོ་ལོག་ཚང་ཁྱིམ་ཚང་གཅིག་ལྟར་གྱུར་ཡོད་པ་རེད།

གཉེན་ཉེ་ལྟ་བུའི་འབྲས་བུ་སྨིན་

ནས་བོད་རིགས་གྲོང་སྡེའི་ནང་བརྩེ་སེམས་འཆང་།

ད་ལོའི་སྤྱི་ཟླ6པའི་ཚེས5ཉིན། སུན་ཁྲེན་དབྱང་གི་འཕྲིན་ཕྲན་ནང་ཡང་དུ་བུ་མོ་ལོག་གིས་བསྐུར་ཡོང་བའི་ཕྲུ་གུ་དམར་འབྱར་ཞིག་གི་འདྲ་པར་ཞིག་འབྱོར་ཞིང་། “འདི་ནི་ན་ནིང་ལོར་སྐྱེ་བའི་བུ་མོ་མ་རེད་དམ”“རེད། དགེ་རྒན་སུན་ལགས། མིང་ལ་རྟ་མགྲིན་སྒྲོལ་མ་ཟེར་རེད”“འོ་ཡ། གཅེས་མོ་སྒྲོལ་མ་ཆུང་ཆུང”སུན་དགེ་རྒན་འདི་ལ་ཁྲོམ་ལམ་རྙིང་པ་རེད”གླ་གཏོང་རླངས་འཁོར་གྱི་ཁ་ལོ་བས་དེ་ལྟར་བཤད། འོ་ཡ། ཐུགས་རྗེ་ཆེན”དེའི་སྐབས་སུ་སུན་ཁྲེན་དབྱང་གི་སེམས་ནང་མགྱོགས་མྱུར་དུ་སྒྲོལ་མ་ཆུང་ཆུང་ལ་ཐུག་རྒྱུའི་རེ་བས་ཁེངས་ཤིང་། གདན་ལ་ལུང་གྲོང་སྡེའི་ཚོགས་ཆུང་དང་པོའི་ཕྱོགས་སུ་འགྲོ་བའི་ལམ་བར་བདེ་ལྷ་མཚོ་ཡིས་ཁོ་བསུ་རུ་འོངས། ར་སྐོར་ནང་འཛུལ་མ་ཐག བོད་པ་མ་རྒན་ཞིག་གིས་ཕྲུ་གུ་དམར་འབྱར་ཞིག་པང་ནས་སུན་ཁྲེན་དབྱང་ལ་བསུ་མ་བྱེད། “འདི་ངའི་ཨ་ཕྱི་ཨ་རེད། ཡ། སྒྲོལ་མ་ཆུང་ཆུང་། འདི་འདྲ་ཆེན་པོ་རེད་ཟིན”སུན་ཁྲེན་དབྱང་གིས་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བཤད་པ་རེད།

བུ་མོ་ལོག་ཚང་གི་མགྲོན་བསུ་ཁང་པའི་ནང་སླེབས་རྗེས། སུན་ཁྲེན་དབྱང་གིས་སྒྲོལ་མ་ཆུང་ཆུང་པང་ནས་གཟུགས་པོ་ཐང་པོ་རེད།བུ་མོ་ལོག་གིས“དགེ་རྒན་སུན་ལགས། ཁྱེད་ཀྱི་ཕྲུ་གུ་བུ་རེད་དམ་བུ་མོ་རེད”“བུ་རེད། ད་ངའི་བུ་ལ་བོད་རིགས་སྲིང་མོ་ཞིག་ཡོད་རེད་ཨ དེ་ངོ་མ་རེད། རྟ་མགྲིན་སྒྲོལ་མ་ངེད་གཉིས་ཀྱི་ལུས་པོར་དགེ་རྒན་སུན་ལགས་ཀྱི་ཟུངས་ཁྲག་བཞུར་བཞིན་ཡོད་ལེ་རེད”ཅེས་བུ་མོ་ལོག་གིས་དྲན་གཟོའི་སྐད་ཆ་འདི་བཤད་པ་རེད།

དེའི་རྗེས། སུན་ཁྲེན་དབྱང་གིས་བདེ་ལྷ་མཚོ་འབོད་ནས“ཁྱོད་ལ་ད་ལྟ་སློབ་སྦྱོང་ཐད་དཀའ་ངལ་ཅི་ཨ་ཡོད་འདུག ལས་བྱ་བྲིས་ཨ་ཚར། དངོས་ཁམས་རིག་པའི་དཔེ་ཆ་འཁུར་ཤོག མི་ཤེས་ས་ཡོད་ན་ངས་ཁྱོད་ལ་སྩལ”ཞེས་གཅེས་སྐྱོང་མཚོན་པའི་སྐད་ཆ་འདི་ལྟར་བཤད་པ་རེད།

བདེ་ལྷ་མཚོ་སུན་ཁྲེན་དབྱང་གི་ཟུར་དུ་བསྡད་ནས་ལྐོག་བཤད་ཀྱི་ཚུལ་དུ“དགེ་རྒན་སུན་ལགས། ད་ལྟ་སློབ་སྦྱོང་ཐད་དངོས་གནས་དཀའ་ངལ་འདུག ངས་དངོས་ཁམས་རིག་པ་གཏན་ནས་མི་ཤེས་འདུག”ཅེས་བཤད་པ་རེད། “མི་སྐྱོན་མི་སྐྱོན། མི་ཤེས་ས་ཡོད་ན། ང་བཙལ་ས་ཤོག ངས་ཁྱོད་ཚོར་བསླབ་ཆོག” བཅའ་འདྲི་བྱེད་མཇུག་སྒྲིལ་སྐབས་སུན་ཁྲེན་དབྱང་གིས “འདི་ནི་ངས་སྒྲུབ་ཐུབ་པའི་བྱ་བ་རེད། དགེ་རྒན་ཞིག་ཡིན་པའི་ཆ་ནས་བཤད་ན། སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་གྱི་བརྗིད་ཉམས་ལྡན་པའི་ལས་འགན་རེད། ལྷག་བསམ་ཟོལ་མེད་དང་ཡོད་ཚད་འབུལ་བའི་སེམས་པ་བཅངས་ནས་མི་རབས་རྗས་མ་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོའི་འོས་འགན་རེད། ད་ཐེངས་རྩ་འཛུགས་ཀྱིས་ང་བོད་སྐྱོར་ལས་དོན་སྒྲུབ་ཏུ་མངགས་པ་ནི་ང་ལ་ཡིད་ཆེས་པའི་མཚོན་ཚུལ་ཡིན་པ་ནི་སྨོས་མ་དགོས་པ་རེད། ངས་ཀྱང་ཕྱིན་ཆད་ཀྱི་སློབ་ཁྲིད་ལས་དོན་ཡག་པོ་བསྒྲུབས་ནས་བོད་པའི་བུ་རྒྱུད་དུ་མ་གསོ་སྐྱོང་བྱེད་གང་ཐུབ་བྱ་རྒྱུ་ཡིན། མི་ཚེ་འདིར་ངས་ཆེས་དགའ་འོས་པ་ཞིག་ནི་བོད་པའི་བུ་མོ་རྟ་མགྲིན་སྒྲོལ་མ་ངའི་གཉེན་ཉེ་རུ་གྱུར་པ་དེ་རེད”ཅེས་ལྷག་ཟོལ་མེད་ཀྱི་བརྩེ་སེམས་འཆང་བའི་སྐད་ཆ་འདི་སྨྱུག་འཛིན་པར་བཤད་པ་རེད།།

(ཡེ་མིང་གིས་འཚོལ་བསྡུས་བྱས་ནས་བསྒྱུར།)