国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉིན་འདི་གར།

ཉིན་འདི་གར།

མིག་གི་ནམ་མཁའ་ནས་ཆར་འབྲུ་འཐོར་སོང་ངམ།

སྐྱོ་གདུང་གི་སྣང་ཁམས་སྨུག་སྤྲིན་ཐིབ་བམ།

སེམས་ཀྱི་ཐང་ཆེན་དུ་ལྗང་ལོ་ཐར་ཐོར་བཞད་དམ།

ཉིན་འདི་གར།

བསིལ་རླུང་གིས་དྲན་པ་སྒུལ་ཐེངས་ག་ཚོད་ཡིན།

ཉི་འོད་ཀྱི་འཇམ་ཤ་ཀློག་པ་ཅི་འདྲ་འདུག

ནམ་ཟླ་ཡི་ཚོར་བའི་འཆར་རྟོག་ག་ཙམ་རེད།

ཉིན་འདི་གར།

ཙག་རླུང་གིས་ཤ་རུས་ཨེ་གྲང་།

གྲིབ་མ་ཡིས་སྐྱོ་ངལ་ཨེ་དུབ།

རྨི་ལམ་ལ་ཙད་པ་ཨེ་བྱུང་།

ཉིན་འདི་གར།

བློ་མིག་གི་ལྗོན་པ་ག་ཙམ་སྐྱེས་འདུག

དགོན་པའི་དྲིལ་གཡེལ་གྱི་སྙན་པ་ཚོར་རམ།

དཔྱིད་ཉིན་རིང་མོ་འདི་ལོ་ཟླ་ཨེ་ཚེས།

༼ གུ་དཔལ་ཤིས། ༽