国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གཞུང་གི་མཐོ་སྒང་ལ་ང་ཚོ་ལྷན་དུ་འཛོམས་།

འབུམ་ཡག་ཐང་ཆེན་དུ་རྟ་རྩལ་འགྲན་བཞིན་པ།

དམངས་གླུ་ལེན་བཞིན་པ།

བོད་ཀྱི་ཟློས་གར་འཁྲབ་བཞིན་པ།

ལ་གླུ་ལེན་ནས་ཏང་ལ་འབུལ་བཞིན་པ།

ཆེས་རྒོད་འགྲན་ལམ་གྱི་འགྲན་ཞུགས་པ་ཚོས་འདྲ་པར་མཉམ་སྒྲོན་བྱེད་བཞིན་པ།

རྟ་རྩལ་འགྲན་བཞིན་པ།

སྤྱི་ཟླ7པའི་ཚེས29ཉིན་ནས་ཚེས31ཉིན་བར། གནས་མཆོག་དཀར་མཛེས་ལ་ལྷན་འཛོམས་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་སྐྱོད་པའི་བརྗོད་དོན་གཙོ་བོར་བྱས་པའི2020ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་གི་རིག་གནས་ཡུལ་སྐོར་དུས་སྟོན་ལི་ཐང་ལ་སྤེལ་བ་རེད། ཚོགས་ར་གཙོ་བོའི་བྱེད་སྒོ12ཡོད་བ་དེའི་ནང་འཁྲབ་སྟོན་ཐེངས་གསུམ་དང་། རི་འཛེགས་ཐེངས་གསུམ། འགྲེམས་ཚོགས་ཐེངས་གསུམ།དེ་བཞིན་དུ་འགྲན་བསྡུར་ཆེན་པོ་ཐེངས་གསུམ་བཅས་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། རྩོམ་རིག་སྤེལ་རེས། སྒྱུ་རྩལ་འགྲེམས་སྟོན། ལུས་རྩལ་འགྲན་བསྡུར། དབུལ་སྐྱོར་ཟོག་འདྲེན། རིམས་ནད་ཐོན་རྗེས་སླར་གསོ་སོགས་གཞི་རྒྱུ་མང་པོ་འདུས་ཡོད་པ་རེད། རིག་གནས་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་པ་ཐོབ་པ། འཆང་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཚོགས་འདུ་གཉེར་བའི་དམིགས་ཡུལ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ལུས་རྩལ་དང་ཡུལ་སྐོར་མཉམ་སྐྱོད། སྒྱུ་རྩལ་དང་ཡུལ་སྐོར་མཉམ་འགུལ། ཞིང་ལས་དང་ཡུལ་སྐོར་མཉམ་སྐུལ། ཚོང་དོན་དང་ཡུལ་སྐོར་མཉམ་སྤྱོད་བཅས་ཕྱོགས་ལྔ་གཞི་གཅིག་གི་ཚོགས་འདུ་གཉེར་བའི་ཁྱད་ཆོས་གང་ལེགས་མངོན་ཡོད། ཚང་མར་རྟ་རྒྱུག་གི་ཆོལ་ཁ་ཞེས་པའི་མིང་དོན་མཚུངས་པ་དང་། ཁམས་པའི་ཕོ་རྒོད་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པ། མཁའ་དབྱིངས་ཀྱི་བྱེས་ལམ་དུ་མི་རྣམས་ཧང་སངས་དགོས་པ། སྙན་ངག་རིག་གནས་ཀྱི་ཕུགས་ཡུན་རིང་བ། མཛེས་ལྗོངས་ཁུལ་ཆེན་པོ་བཞིའི་ཁྱད་ཆོས་མངོན་གསལ་དོད་པའི་བག་ཆགས་མངོན་གསལ་དོད་པོ་ལྔ་བཞག་ཡོད། སྤྲོ་སེམས་འཁོལ་བའི་དཀར་མཛེས་ཀྱི་བུ་ཕྲུག་ཚོས་ད་ཐེངས་ཀྱི་རི་ཀླུང་རིག་གནས་ཡུལ་སྐོར་དུས་སྟོན་གྱི་གོ་སྐབས་དང་བསྟུན་ནས་ཕྱོགས་ཡོངས་དང་། ཕྱོགས་མང་། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཐོག་ནས་འཛམ་གླིང་ལ་གནས་མཆོག་དཀར་མཛེས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་འོད་སྟོང་འཕྲོ་བའི་རིག་གནས། རྒྱུན་འཛིན་དང་འཕེལ་རྒྱས་བཅས་ཀྱི་ཡར་རྒྱས་གསར་པ་མངོན་པར་བྱས་ཡོད། འཛམ་གླིང་སྐྱེ་བོ་ཀུན་ལ་དབྱར་གཞུང་མཐོ་སྒང་གི་ཉམས་འགྱུར་མངོན་པར་བྱས་ཡོད།