国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོ་སྒང་གི་མོག་རོ་འཐུ་བའི་ལས་ལ་བྲེལ།

མཚོ་འཕགས་སྨི3500ལྷག་ཙམ་ཡོད་པའི་ལི་ཐང་རྫོང་མོ་ལ་གྲོང་རྡལ་གྱི་དམག་ངན་གྲོང་ཚོར་གདོད་མའི་ནགས་ཚལ་སྟུག་པོ་ཡོད་པ་དང་། ཤིང་སྡོང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གནམ་གཤིས་ཁོར་ཡུག་ཡག་པོ་བཅས་ལ་བརྟེན་ནས་གདོད་མའི་རང་བྱུང་སྐྱེ་ཁམས་ཀྱི་བཟའ་བྱའི་ཤ་མོ་རིགས་འདེབས་རྒྱུར་ཧ་ཅང་འཚམ་པས། 2016ལོར་གྲོང་ཚོར་མོག་རོ་འདེབས་འཛུགས་བྱ་རྒྱུ་དེ་དབུལ་ཐར་ཕྱུག་འགྱུར་གྱི་ཐོན་ལས་སུ་བརྩིས་ཡོད། ད་ཆར་ཤིང་སྒྲིམ་ཁྲི10ཙམ་གྱི་གཞི་ཁྱོན་འཕེལ་རྒྱས་བཏང་ཡོད་པ་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི200ལས་བརྒལ་ཞིང་། ངལ་རྩོལ་མི་ལག40ལྷག་ཙམ་ལས་ཞུགས་ཐུབ་ནས་ལོ་རེའི་གླ་ཆ་སྒོར་ཁྲི60ལྷག་ཙམ་རག་ཡོད། འདི་ནི་སྤྱི་ཟླ8པའི་ཚེས8ཉིན་ལ་ཡུལ་དེ་གའི་ཞོར་ལས་ཡོང་མཁན་ཞིང་འབྲོག་པ་ཚོས་མོག་རོ་འཐུ་བཞིན་ཡོད་པའི་ཚུལ་རེད།