སྤྱི་ཟླ7པར་དཀར་མཛེས་ཁུལ་དུ་ཤ་མོ་ཐོན་ལེགས་ཡོང་བའི་དུས་ལ་འཁེལ། སྐྱ་རེངས་ནས་མཚན་གུང་བར་དར་མདོ་གྲོང་ཁྱེར་གྱི་རྫིང་བྲག་ཟམ་པའི་ཞིང་ལས་ཉོ་ཚོང་ཚོང་ཁྲོམ་དུ་རི་སྐྱེས་ཤ་མོ་ཚོང་གཉེར་བྱེད་མཁན་གྱིས་ཐབས་ལམ་སྣ་མང་སྤྱད་དེ་ཡུལ་དེ་གའི་ཁྱིམ་ཚང་དང་། ཡང་ན་ཞིང་ཆེན་དང་ཁུལ་བརྒལ་ཞིང་། ཐ་ན་རྒྱལ་ཁབ་བརྒལ་ནས་ཕྱི་རྒྱལ་བའི་གསོལ་ལྕོག་ཐོག་སླེབས་ཐུབ་པ་བྱས་དང་བྱེད་བཞིན་ཡོད་པ་རེད།
ཚོང་ཁྲོམ་ཆེན་པོ་དེས་ལྗང་མདོག་སྐྱེ་ཁམས་ཀྱི་ཕུན་སུམ་ཚོགས་པའི་ལེགས་སྐྱེས་ཕུལ་བ་དང་། ཤ་མོ་ཆུང་ཆུང་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་འཕྲིན་བཟང་མང་པོ་ཐོན་བཞིན་ཡོད་པ་རེད། དབྱར་གཞུང་གི་དཀར་མཛེས་ཁུལ་གྱི་འབྲོག་སྡེའི་རི་ལུང་ཀུན་ན་མེ་ཏོག་སྣ་བརྒྱའི་བཀྲག་མདངས་འཚེར་ཞིང་བསིལ་རླུང་འཇམ་པོའི་ལྡིང་ཕྱོགས་དང་བསྟུན་ནས་དྲི་ངད་ཞིམ་པོ་འཐུལ་བཞིན་ཡོད། མཛེས་སྡུག་གི་ཐང་གཞུང་ན་གནག་ཕྱུགས་དང་གཡང་དཀར་ཁྱུ་ཚོགས་བག་ཡངས་སུ་རྒྱུ་ཞིང་། སྤྲོ་འཆམ་ལ་རོལ་བའི་མི་ཚོགས་མང་པོ་རྩྭ་ཐང་གི་པང་ནས་ཅི་དགར་རྩེད་བཞིན་མཆིས། བརྗིད་པའི་རི་བོ་དང་མཛེས་པའི་སྤང་ལྗོངས་གཉིས་ཕན་ཚུན་མཛེས་ཉམས་འགྲན་པའི་རིགས་སུ་མཐུན། བཅུད་ལྡན་གྱི་ཤ་མོ་ལ་སོགས་པའི་རི་སྐྱེས་བཟའ་བཅའ་གང་མང་མིའི་རིགས་ཀྱི་འཚོ་བཅུད་ཀྱི་གསོས་སུ་སྨིན་བཞིན་ཡོད་པ་རེད།
