༡
སེམས་པ་དུར་ལ་སྦས་ནས།།
དུངས་བ་མེ་ལ་བསྲེགས་ནས།།
མེ་ལོང་ཆག་གས་བྱུང་བ།།
ལས་ཀྱི་རྣམ་སྨིན་རེད་ལ།།
འདི་སྣང་ཞེན་པ་རེད་དོ།།
༢
གལ་སྲིད་མི་ཡུལ་ལུང་པ།།
ཆག་གས་རབ་ཏུ་བྱུང་ནས།།
ཤྭ་འོད་རབ་ཏུ་དཀྲུགས་ཏེ།།
མིག་གཉིས་རྩ་ནས་ཕྱུངས་ཏེ།།
འཁོར་བའི་ཐང་ཆེན་འདི་གར།།
མེ་སྐྱོན་རབ་ཏུ་བྱུང་ན།།
འུ་གཉིས་འཚོ་བར་ཅི་བྱ།།
ང་ཡི་ལང་ཚོར་ཅི་བྱ།།
ཁྱེད་ཀྱི་འཚོ་བར་ཅི་བྱ།།
འུ་གཉིས་བུ་རྒྱུད་དེ་དག།
ནམ་ཡང་སུ་ལ་བཅོལ་བྱ།།
༣
བཏང་སྙོམས་གོས་སུ་གྱོན་ནས།།
སེམས་པ་ཆུ་ལ་བཞག་སྟེ།།
བདག་སེམས་དམ་བཅའ་དམར་བོ།།
ཁྱེད་ཀྱི་མདུན་ལ་བཞག་སྟེ།།
གསོལ་དང་ང་ཡི་སེམས་པ།།
ནམ་ཡང་ཁྱེད་ཀྱི་ཟས་ཡིན།།
འུ་གཉིས་བརྩེ་བ་མཚོན་ཕྱིར།།
ཆུ་འདི་ཡར་ལ་བཟློག་ཅིང་།།
འགྲིལ་རྡོ་གྱེན་ལ་བཟློག་པའི།།
ངེས་ཤེས་ང་ལ་ཡོད་ཅིང་།།
སེམས་པ་ཁྱེད་ལ་ལྡན་ཤོག།
༤
བདག་སེམས་ཤི་བ་རེད་དམ།།
བདག་མིག་ཞར་བ་རེད་དམ།།
བདག་གི་འཚོ་བ་འདི་ལ།།
བདག་འཛིན་མེད་པ་ལན་ནམ།།
བདག་གི་འཚོ་བའི་ཁ་དོག།
སྐྱ་བོ་སྐྱ་ནག་ཅིག་རེད།།
༦
མི་འམ་ལས་འདི་ཅི་རེད།།
ལྷ་འམ་གནམ་འདི་ཅི་རེད།།
སྐྱེ་འཆིའི་གོ་རིམ་འདི་ག།
འུ་གཉིས་འདི་ལྟར་བརྒྱུད་དེ།།
མ་ཤི་འཆི་བའི་སྡུག་བསྔལ།།
མྱངས་འདི་ཡ་རེ་མཚར་རོ།།
༼ འཁོན་བུ་སྟག་རྒྱལ་ཚེ་རིང་། ༽
