国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གླུ་གར་རྒྱ་མཚོ་འཁྱིལ་བའི་གསེར་ཐར་རྩྭ་ཐང་།

གསེར་ཐར་རིག་གནས་ཡུལ་སྐོར་དུས་ཆེན་གྱི་པར་རིས་བདམས་བཀོད།

ཉེ་ཆར། 2020ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་ལས་གསེར་ཐར་རིག་གནས་དུས་ཆེན་དེ་གསེར་ཐར་རྫོང་བྲག་ཆེན་ཐང་གི་རྩྭ་ཐང་ཆེན་མོར་སྤེལ་བ་རེད། ས་གནས་དེ་གའི་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་དགའ་འཛོམས་བྱས་ཏེ་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག བོད་རིགས་སྲོལ་རྒྱུན་གྱི་དམངས་སྲོལ་ལུས་རྩལ་འགྲན་སྡུར། སྲོལ་རྒྱུན་གྱི་རྒྱན་གོས་འཁྲབ་སྟོན། དམངས་ཁྲོད་སྒྱུ་རྩལ་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་འཁྲབ་སོགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་བ་རེད།

ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་དང་ཞིང་པའི་ཡུལ་སྐོར། འབྲོག་པའི་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྣ་མང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ཅིང་། ས་གནས་དེ་ག་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།